མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིག་ཡུན་ཧྲན་སོགས་མགོ་ཁྲིད་བློ་མཐུན་རྒྱལ་ཡོངས་ཀྱི་ཚན་རིག་ཁྱབ་གདལ་ཉིན་མོའི་པེ་ཅིན་གྱི་ཚོགས་ར་གཙོ་བོའི་བྱ་འགུལ་ལ་ཞུགས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-09-21 10:33

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིག་ཡུན་ཧྲན་དང་ལིག་ཆི་པོ་དང་ལིས་ཡོན་ཁྲའོ། གོ་ཅིན་ལུང་། ཧན་ཆི་ཏི་སོགས་མགོ་ཁྲིད་བློ་མཐུན་ཚེས་ཉི་ཤུ་ཉིན་གྱི་སྔ་དྲོར་རྒྱལ་ཡོངས་ཀྱི་ཚན་རིག་ཁྱབ་གདལ་ཉིན་མོའི་པེ་ཅིན་གྱི་ཚོགས་ར་གཙོ་བོའི་བྱ་འགུལ་ལ་ཞུགས།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིག་ཡུན་ཧྲན་དང་ལིག་ཆི་པོ་དང་ལིས་ཡོན་ཁྲའོ། གོ་ཅིན་ལུང་། ཧན་ཆི་ཏི་སོགས་མགོ་ཁྲིད་བློ་མཐུན་ཚེས་ཉི་ཤུ་ཉིན་གྱི་སྔ་དྲོར་རྒྱལ་ཡོངས་ཀྱི་ཚན་རིག་ཁྱབ་གདལ་ཉིན་མོའི་པེ་ཅིན་གྱི་ཚོགས་ར་གཙོ་བོའི་བྱ་འགུལ་ལ་ཞུགས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིག་ཡུན་ཧྲན་དང་ལིག་ཆི་པོ་དང་ལིས་ཡོན་ཁྲའོ། གོ་ཅིན་ལུང་། ཧན་ཆི་ཏི་སོགས་མགོ་ཁྲིད་བློ་མཐུན་ཚེས་ཉི་ཤུ་ཉིན་གྱི་སྔ་དྲོར་རྒྱལ་ཡོངས་ཀྱི་ཚན་རིག་ཁྱབ་གདལ་ཉིན་མོའི་པེ་ཅིན་གྱི་ཚོགས་ར་གཙོ་བོའི་བྱ་འགུལ་ལ་ཞུགས།

ཉིན་དེའི་སྔ་དྲོའི་དུས་ཚོད་དགུ་དང་སྐར་མ་སུམ་ཅུའི་སྟེང་ལིག་ཡུན་ཧྲན་རིག་ནུས་འཕྲུལ་ཆས་མི་ཡི་འགྲེམ་སྟོན་བྱེད་སར་ཕེབས་ཏེ་འཕྲུལ་ཆས་མི་ཡིས་ཡུལ་དངོས་ན་འཁྲབ་སྟོན་བྱེད་པར་བལྟས་པར་མ་ཟད་འབྲེལ་ཡོད་མཚམས་སྦྱོར་ལ་ཉན། ལིག་ཡུན་ཧྲན་གྱིས་གསུངས་རྒྱུར། ཚན་རྩལ་གྱིས་འཚོ་བ་ལེགས་སྒྱུར་དང་འཚོ་བ་གསར་སྐྲུན་བྱེད་པ་ཡིན་པས། ཚན་ཞིབ་གྲུབ་འབྲས་མྱུར་དུ་བཀོལ་སྤྱོད་བྱས་ནས་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་ཕྱི་བཟང་བོ་བསྒྲུབ་པ་དང་ཁྱིམ་ཚང་ཁྲི་སྟོང་མང་པོར་ཁེ་ཕན་ཐོབ་ཏུ་འཇུག་དགོས་ཟེར།

ལིག་ཡུན་ཧྲན་གྱིས་གསུངས་རྒྱུར། ལོ་བརྒྱ་གཉིས་ཀྱི་འབད་འཐབ་དམིགས་འབེན་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་ན། ཚན་རྩལ་སྟོབས་ཤུགས་ལ་བརྟེན་ནས་རང་བདག་གསར་སྐྲུན་ནུས་པ་ཇེ་ཆེར་གཏོང་དགོས་པ་དང་། གསར་སྐྲུན་གྱིས་འཕེལ་རྒྱས་ལ་འདེད་སྐུལ་བྱེད་པའི་འཐབ་ཇུས་ལག་བསྟར་བཟང་བོ་བྱས་ནས་རང་རྒྱལ་གྱི་ཚན་རྩལ་གསར་སྐྲུན་ཐད་ནས་གྲུབ་འབྲས་གསར་བ་ལེན་པར་སྐུལ་འདེད་གཏོང་དགོས་ལ། མང་ཚོགས་རང་བཞིན་གྱི་ཚན་རྩལ་གསར་སྐྲུན་ལ་རྒྱབ་སྐྱོར་བྱས་ནས་དམངས་ཡོངས་ཀྱིས་གསར་སྐྲུན་དང་མི་རེ་རེ་ཡིས་གསར་སྐྲུན་བྱེད་པའི་གསོན་ཉམས་རྣམ་པ་ཆགས་པར་བྱེད་དགོས་ཟེར།  །  

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག