མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིག་ཡན་ཏུང་གིས་མཉམ་འབྲེལ་རྒྱལ་ཚོགས་གྱི་སློབ་གསོ་དང་ཚན་རིག། རིག་གནས་རྩ་འཛུགས་ཀྱི་སྤྱི་ཁྱབ་ཀན་ཧྲི་པོ་ཁི་བ་ལ་ཐུག་འཕྲད་བྱས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-09-21 10:32

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིག་ཡན་ཏུང་གིས་ཚེས་བཅོ་བརྒྱད་ཉིན་པ་ལིས་ནས་མཉམ་འབྲེལ་རྒྱལ་ཚོགས་གྱི་སློབ་གསོ་དང་ཚན་རིག། རིག་གནས་རྩ་འཛུགས་ཀྱི་སྤྱི་ཁྱབ་ཀན་ཧྲི་པོ་ཁི་བ་ལ་ཐུག་འཕྲད་བྱས།

ཐུག་འཕྲད་བྱེད་སྐབས་ལིག་ཡན་ཏུང་གིས་བཤད་རྒྱུར། སློབ་གསོའི་ཕྱོགས་ནས་ཀྲུང་གོས་མུ་མཐུད་དུ་སློབ་གསོ་དང་ཚན་རིག རིག་གནས་རྩ་འཛུགས་ཀྱིས་བཏོན་པའི་དམངས་ཡོངས་ཀྱི་སློབ་གསོ་དང་མི་ཚེ་གང་བོར་སློབ་སྦྱོང་བྱེད་པ་དང་རྒྱུན་མཐུད་སྒོས་འཕེལ་རྒྱས་སུ་གཏོང་བའི་འཆར་གཞིར་རྒྱབ་སྐྱོར་བྱེད་ངེས་ཡིན། ཚན་རིག་གི་ཁྱབ་ཁོངས་ནས་ཀྲུང་གོ་ཧུར་ཐག་སྒོས་རྒྱ་མཚོ་དང་མི་གཞུང་། ས་གཤིས། ནམ་ཟླའི་འགྱུར་ལྡོག་སོགས་ཀྱི་འཆར་གཞིའི་ཁྲོད་དུ་ཞུགས་ངེས་ཡིན། རིག་གནས་ཕྱོགས་ནས་ཀྲུང་གོས་འཛམ་གླིང་གི་ཤུལ་བཞག་རིག་གནས་སྲུང་སྐྱོབ་དང་གཟུགས་འདས་རིག་གནས་སྲུང་སྐྱོབ། རྒྱུན་འཛིན་བྱ་འགུལ་བཅས་ལ་རྒྱབ་སྐྱོར་བྱེད་པའི་ཤུགས་ཚད་ཇེ་ཆེར་གཏོང་ངེས་ཡིན་ཟེར།

པོ་ཁི་བ་ཡིས་བཤད་རྒྱུར། ཀྲུང་གོས་སློབ་གསོ་དང་ཚན་རིག རིག་གནས་སོགས་ཁྱབ་ཁོངས་ནས་བླངས་པའི་གྲུབ་འབྲས་ལ་ཀུན་གྱིས་ཁས་ལེན་པ་དང་། སློབ་གསོ་དང་ཚན་རིག རིག་གནས་རྩ་འཛུགས་དང་མཉམ་ལས་བྱས་ནས་གྲུབ་འབྲས་མངོན་གསལ་བླངས་ཡོད་ཟེར། པོ་ཁི་བ་ཡིས་ད་དུང་ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥེ་རི་ཁའི་བུད་མེད་དང་བྱིས་པའི་སློབ་གསོ་སོགས་ཁྱབ་ཁོངས་སུ་རྒྱབ་སྐྱོར་ཆེན་པོ་བྱས་པར་བཀའ་དྲིན་ཆེ་ཞུས་པར་མ་ཟད། སློབ་གསོ་དང་ཚན་རིག རིག་གནས་རྩ་འཛུགས་དང་ཀྲུང་གོའི་བར་གྱི་བརྗེ་རེས་དང་མཉམ་ལས་ཀྱི་ཆུ་ཚད་སྔར་ལས་ཇེ་མཐོར་འགྲོ་བར་འབད་བརྩོན་བྱེད་འདོད་ཡོད་ཅེས་བཤད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག