མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་གྲོས་ཚོགས་ཐེངས་བཅུ་བཞི་བར་ཞུགས་པ་དང་ཨེ་ཤ་ཡའི་རྒྱལ་ཁབ་བཞིར་འཚམས་འདྲི་མཛད་རྗེས་ཕྱིར་པེ་ཅིན་དུ་འབྱོར།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-09-20 11:05

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཁོངས་གཏོགས་རྒྱལ་ཁབ་ཀྱི་མགོ་གཙོའི་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་བཅུ་བཞི་བར་ཞུགས་པ་དང་། ཐ་ཅི་ཁི་སི་ཐན་དང་མར་ཏི་ཝེ། སིང་ཀ་ཕོར། རྒྱ་གར་བཅས་རྒྱལ་ཁབ་བཞིར་རྒྱལ་དོན་འཚམས་འདྲི་མཛད་རྗེས། ཚེས་བཅུ་དགུ་ཉིན་གྱི་དགོང་མོར་པེ་ཅིན་དུ་འབྱོར།

ཀྲུའུ་ཞི་ཞི་ཅིན་ཕེན་གྱི་ལྕམ་མོ་ཕུན་ལིས་ཡོན་དང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་སྲིད་ཇུས་ཞིབ་འཇུག་ཁང་གི་ཀྲུའུ་རིན་ཝང་ཧུའུ་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་གཞུང་སྒྲུབ་ཐིན་གྱི་ཀྲུའུ་རིན་ལིས་ཀྲན་ཧྲུའུ། རྒྱལ་སྲིད་ཨུ་ཡོན་དབྱང་ཅེ་ཁྲི་བཅས་གནམ་གྲུ་གཅིག་ཏུ་བསྡད་དེ་པེ་ཅིན་དུ་ཐོན།

ཞི་ཅིན་ཕེན་གྱིས་རྒྱ་གར་ལ་རྒྱལ་དོན་འཚམས་འདྲི་མཛད་པ་མཇུག་རྫོགས་ཏེ་དྷེ་ལི་གསར་བ་དང་བྲལ་སྐབས། རྒྱ་གར་མི་ཤུགས་ཐོན་ཁུངས་གསར་སྤེལ་པུའུ་ཡི་པུའུ་ཀྲང་དབྱི་ལ་ཉི་དང་རྒྱ་གར་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཁང་ཐི་སོགས་གནམ་གྲུ་ཐང་དུ་སོང་སྟེ་སྐྱེལ་མ་ཞུས།   ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག