མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲང་ཏི་ཅང་གིས་ཞང་ཀང་དམངས་གཙོ་ཏང་གསར་བའི་པེ་ཅིན་འཚམས་འདྲི་ཚོགས་པར་ཐུག་འཕྲད་བྱས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-09-20 11:04

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་ཚེས་བཅུ་དགུ་ཉིན་གྱི་སྔ་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཏང་གི་ཀྲུའུ་ཞི་ལིག་ཧྲུའུ་དབྱི་ཚོགས་གཙོ་ཡིན་པའི་ཞང་ཀང་དམངས་གཙོ་ཏང་གསར་བའི་པེ་ཅིན་འཚམས་འདྲི་ཚོགས་པའི་ཁོངས་མི་ཡོངས་ལ་ཐུག་འཕྲད་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་ཚེས་བཅུ་དགུ་ཉིན་གྱི་སྔ་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཏང་གི་ཀྲུའུ་ཞི་ལིག་ཧྲུའུ་དབྱི་ཚོགས་གཙོ་ཡིན་པའི་ཞང་ཀང་དམངས་གཙོ་ཏང་གསར་བའི་པེ་ཅིན་འཚམས་འདྲི་ཚོགས་པའི་ཁོངས་མི་ཡོངས་ལ་ཐུག་འཕྲད་བྱས།

ཐུག་འཕྲད་བྱེད་སྐབས་ཀྲང་ཏི་ཅང་གིས་དམངས་གཙོ་ཏང་གསར་བས་རང་སྟེང་གི་གནས་ཚུལ་མཚམས་སྦྱོར་བྱས་པ་དང་ཞང་ཀང་གི་གནས་བབ་ཐད་ཀྱི་ལྟ་ཚུལ་ལ་ནན་ཏན་སྒོས་ཉན། ཁོང་གསུངས་རྒྱུར། དམངས་གཙོ་ཏང་གསར་བས་མུ་མཐུད་དུ་རྒྱལ་གཅེས་ཀང་གཅེས་དང་མཐུན་སྒྲིལ་ཡར་བརྩོན། སྤྱི་ཚོགས་ལ་འགན་འཁུར་བ་བཅས་ཀྱི་སྙིང་སྟོབས་དར་སྤེལ་བྱེད་པ་དང་། དམིགས་བསལ་ས་ཁུལ་སྲིད་གཞུང་གིས་ཁྲིམས་ལྟར་སྲིད་འཛིན་པར་རྦད་ཆོད་སྒོས་རྒྱབ་སྐྱོར་བྱེད་པར་མ་ཟད་ཧུར་ཐག་སྒོས་ཞང་ཀང་གི་ཆེད་ལས་མི་སྣ་དང་མཐུན་སྒྲིལ་དམ་པོ་བྱེད་པ་དང་། རང་སྟེང་གི་འཛུགས་སྐྲུན་ལ་མུ་མཐུད་དུ་ཤུགས་བསྣན་ནས། ཞང་ཀང་གི་དར་རྒྱས་གོང་འཕེལ་སྲུང་སྐྱོབ་བྱེད་པའི་ཐད་ལ་བྱས་རྗེས་ཆེན་པོ་འཇོག་དགོས་ཟེར།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག