མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་རྒྱ་གར་གྱི་ཙུང་ཐུང་མུའུ་ཁི་ཅི་ཡིས་བསྡུས་པའི་དགའ་བསུའི་མཛད་སྒོ་རྒྱ་ཆེན་པོར་ཞུགས།

རྩོམ་པ་པོ། ཏུང་ཞོ་ཡན།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-09-19 11:48

ཟླ་དགུ་བའི་ཚེས་བཅོ་བརྒྱད་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་རྒྱ་གར་གྱི་ཙུང་ཐུང་མུའུ་ཁི་ཅི་ཡིས་ཙུང་ཐུང་བཞུགས་ཤག་ནས་བསྡུས་པའི་དགའ་བསུའི་མཛད་སྒོ་རྒྱ་ཆེན་པོར་ཞུགས། པར་འདི་ནི་དགའ་བསུའི་མཛད་སྒོའི་སྔོན་ལ། ཞི་ཅིན་ཕེན་དང་མུའུ་ཁི་ཅི་གཉིས་ཀྱིས་སྙིང་ཉེ་བའི་ངང་ཕྱག་འཇུ་མཛད་པའི་ཚུལ་རེད།

习近平出席印度总统慕克吉举行的隆重欢迎仪式 2.jpg

ཟླ་དགུ་བའི་ཚེས་བཅོ་བརྒྱད་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་རྒྱ་གར་གྱི་ཙུང་ཐུང་མུའུ་ཁི་ཅི་ཡིས་ཙུང་ཐུང་བཞུགས་ཤག་ནས་བསྡུས་པའི་དགའ་བསུའི་མཛད་སྒོ་རྒྱ་ཆེན་པོར་ཞུགས།

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས་བཅོ་བརྒྱད་ཉིན་གྱི་སྔ་དྲོར། རྒྱ་གར་གྱི་ཙུང་ཐུང་མུའུ་ཁི་ཅི་ཡིས་རྒྱ་གར་གྱི་རྒྱལ་ས་དྷེ་ལི་གསར་བའི་ཙུང་ཐུང་བཞུགས་ཤུག་ནས་མཛད་སྒོ་རྒྱ་ཆེན་པོ་བསྡུས་ཏེ། ཀྲུའུ་ཞི་ཞི་ཅིན་ཕེན་རྒྱ་གར་ལ་རྒྱལ་དོན་འཚམས་འདྲིར་ཕེབས་པར་དགའ་བསུ་ཞུས།

    དགའ་བསུ་ཞུ་བའི་མཛད་སྒོ་མཇུག་རྫོགས་རྗེས། ཞི་ཅིན་ཕེན་གྱིས་གསར་འགྱུར་ལས་ཁུངས་བརྒྱུད་དེ་གསུང་བཤད་གནང་། ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ཀྲུང་གོ་དང་རྒྱ་གར་ནི་གནའ་བའི་དཔལ་ཡོན་ལྡན་པའི་རྒྱལ་ཁབ་ཆེན་པོ་གཉིས་ཡིན་ལ། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཆེན་པོི་གཉིས་དང་གསར་དར་ཚོང་རའི་རྒྱལ་ཁབ་ཆེན་པོའང་ཡིན་པར་མ་ཟད། འཛམ་གླིང་སྣེ་མང་ཅན་ཏུ་བསྒྱུར་བའི་འཕེལ་རིམ་ཁྲོད་ཀྱི་སྟོབས་ཤུགས་གལ་ཆེན་གཉིས་ཡིན་པས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་འཐབ་ཇུས་ཀྱི་དོན་སྙིང་དང་འཛམ་གླིང་གི་ཤུགས་རྐྱེན་ལྡན། ཀྲུང་གོ་དང་རྒྱ་གར་གཉིས་ཀྱིས་ལག་གདང་སྦྲེལ་ནས་མཉམ་ལས་དམ་པོ་བྱེད་པ་དང་མཉམ་དུ་འཕེལ་རྒྱས་སུ་གཏོང་བ་དེས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཐེར་འབུམ་གཉིས་དང་དུང་ཕྱུར་ལྔར་བདེ་སྐྱིད་བསྐྲུན་ཐུབ་པར་མ་ཟད། ཨེ་ཤ་ཡ་དར་རྒྱས་གོང་འཕེལ་དུ་གཏོང་བ་དང་འཛམ་གླིང་ལ་གོ་སྐབས་བཟང་བོ་བསྐྲུན་ཐུབ་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག