མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་རྒྱ་གར་གྱི་ཙུང་ཐུང་མུའུ་ཁི་ཅི་ལ་མཇལ་འཕྲད་གནང་།

རྩོམ་པ་པོ། ཏུང་ཞོ་ཡན།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-09-19 11:48

习近平会见印度总统慕克吉 2.jpg

ཟླ་དགུ་བའི་ཚེས་བཅོ་བརྒྱད་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་དྷེ་ལི་གསར་བ་ནས་རྒྱ་གར་གྱི་ཙུང་ཐུང་མུའུ་ཏི་ཅི་ལ་མཇལ་འཕྲད་གནང་།

习近平会见印度总统慕克吉 1.jpg

ཟླ་དགུ་བའི་ཚེས་བཅོ་བརྒྱད་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་དྷེ་ལི་གསར་བ་ནས་རྒྱ་གར་གྱི་ཙུང་ཐུང་མུའུ་ཏི་ཅི་ལ་མཇལ་འཕྲད་གནང་།

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས་བརྒྱད་ཉིན་དྷེ་ལི་གསར་བ་ནས་རྒྱ་གར་གྱི་ཙུང་ཐུང་མུའུ་ཁི་ཅི་ལ་མཇལ་འཕྲད་གནང་།

    ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ཀྲུང་གོ་དང་རྒྱ་གར་གཉིས་ནི་གསར་དར་ཚོང་རའི་རྒྱལ་ཁབ་ཅིག་ཡིན་ལ། མི་རིགས་བསྐྱར་དར་གྱི་ལོ་རྒྱུས་འཕེལ་རིམ་ཁྲོད་གནས་ཡོད་པར་མ་ཟད། འཛམ་གླིང་སྣེ་མང་ཅན་དུ་བསྒྱུར་བའི་གོ་རིམ་ཁྲོད་ཀྱི་སྟོབས་ཤུགས་གལ་ཆེན་ཡང་ཡིན། ཀྲུང་གོ་དང་རྒྱ་གར་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་རྒྱུ་དེ་ང་ཚོ་རྒྱལ་ཁབ་གཉིས་དང་ཨེ་ཤ་ཡ། འཛམ་གླིང་བཅས་ལ་འཐབ་ཇུས་ཀྱི་དོན་སྙིང་གལ་ཆེན་ལྡན་པས། ཀྲུང་གོ་དང་རྒྱ་གར་གཉིས་ཀྱིས་འཐབ་ཇུས་ཐད་ཀྱི་ཡིད་ཆེས་ཇེ་དམ་དུ་གཏོང་བ་དང་། དངོས་གཉེར་མཉམ་ལས་ལ་ཤུགས་སྣོན་པ། མི་དམངས་བར་གྱི་མཛའ་བཤེས་ཇེ་དམ་དུ་གཏོང་བ། འགལ་བ་འོས་འཚམ་སྒོས་ཐག་གཅོད་བྱས་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དུས་དང་རྣམ་པ་ཀུན་ཏུ་ཡང་དག་པའི་བགྲོད་ལམ་སྟེང་བདེ་བླག་ངང་འཕེལ་རྒྱས་སུ་གཏོང་དགོས་ཟེར།

    མུའུ་ཁི་ཅི་ཡིས་བཤད་རྒྱུར། རྒྱ་གར་ཕྱོགས་ཀྱིས་ཀྲུང་གོ་བར་གྱི་བརྗེ་རེས་དང་མཉམ་ལས་ལ་ཤུགས་བསྣན་ཏེ། ཕན་ཚུལ་བར་གྱི་ཁེ་ཕན་གཙོ་བོར་ལྟ་སྟངས་ཡང་དག་པ་འཛིན་པ་དང་། ཡུན་རིང་ལ་ཐག་གཅོད་མ་བྱས་པའི་གནད་དོན་འོས་འཚམ་སྒོས་ཐག་གཅོད་བྱས་ནས། མཉམ་དུ་རྒྱ་གར་དང་ཀྲུང་གོ་གཉིས་ཀྱི་ཞི་བདེ་དང་དར་རྒྱས་ལ་ཁ་ཕྱོགས་པའི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་འཛུགས་སྐྲུན་བྱེད་འདོད་ཡོད་ཟེར།

    ཐུག་འཕྲད་བྱས་རྗེས། མུའུ་ཁི་ཅི་ཡིས་ཞི་ཅིན་ཕེན་ལ་རྒྱལ་ཁབ་ཀྱི་གསོལ་སྟོན་རྒྱ་ཆེན་པོ་བཤམས། རྒྱ་གར་གྱི་ཙུང་ལི་མའོ་ཏིས་དང་ཙུང་ཐུང་གཞོན་པ་ཨན་ས་ལིས་སོགས་སྲིད་གཞུང་གི་དཔོན་པོ་དང་ལས་རིགས་ཁག་གི་མི་སྣ་གྲགས་ཅན་གསོལ་སྟོན་ལ་ཞུགས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག