མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་གིས་ཀྲུང་གོ་དང་ཧྥ་རན་སིའི་རིམ་པ་མཐོ་བའི་མི་གཞུང་བརྗེ་རེས་ལས་ཁུངས་འཛུགས་མགོ་རྩོམ་པའི་མཛད་སྒོ་དང་གྲོས་ཚོགས་ཐེངས་དང་པོ་བསྡུས་པར་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐྲུར།

རྩོམ་པ་པོ། བཀྲ་ཤིས་འབུམ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-09-19 11:47

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་བཅོ་བརྒྱད་ཉིན་ཀྲུང་གོ་དང་ཧྥ་རན་སིའི་རིམ་པ་མཐོ་བའི་མི་གཞུང་བརྗེ་རེས་ལས་ཁུངས་འཛུགས་མགོ་རྩོམ་པའི་མཛད་སྒོ་དང་གྲོས་ཚོགས་ཐེངས་དང་པོ་བསྡུས་པར་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐྲུར།

ལིས་ཁི་ཆང་གིས་འཕྲིན་ཡིག་ནང་གསུངས་རྒྱུར། ཀྲུང་གོ་དང་ཧྥ་རན་སིའི་འབྲེལ་བར་འཐབ་ཇུས་རང་བཞིན་དང་དུས་རབས་རང་བཞིན། འཛམ་གླིང་རང་བཞིན་བཅས་ལྡན་པ་དང་ནམ་ཡང་ཀྲུང་གོ་དང་ནུབ་ཕྱོགས་རྒྱལ་ཁབ་འབྲེལ་བའི་མདུན་གྲས་སུ་སྐྱོད་བཞིན་ཡོད། ཀྲུང་གོ་དང་ཧྥ་རན་སི་ནི་ཤར་ནུབ་དཔལ་ཡོན་གྱི་ཕུལ་བྱུང་འཐུས་ཚབ་ཡིན་པས། ད་ལོའི་ཟླ་གསུམ་པར་རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་བཏོན་པའི་ཐུན་མོང་གི་ལྟ་ཚུལ་ལྟར། ཀྲུང་གོ་དང་ཧྥ་རན་སིའི་རིམ་པ་མཐོ་བའི་མི་གཞུང་བརྗེ་རེས་ལས་ཁུངས་དངོས་སུ་འཛུགས་མགོ་བརྩམས་པ་དེས་ཕྱོགས་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་ཀྱི་ནུས་པ་འདོན་པ་དང་། འཛམ་གླིང་གི་དཔལ་ཡོན་ཐད་ནས་ཕན་ཚུན་བརྗེ་རེས་དང་དཔྱད་གཞིར་འཛིན་པར་སྟེགས་བུ་གལ་ཆེན་ཞིག་འདོན་སྤྲོད་བྱས་པ་ཡིན་ཟེར།

ལིས་ཁི་ཆང་གིས་ཕྱོགས་གཉིས་ཀྱིས་ལས་ཁུངས་ཀྱི་སྤྱི་ཁོག་ནང་དུ་ཕན་ཚུན་ལ་བརྩི་འཇོག་དང་ཡིད་ཆེས་བྱེད་པ་དང་མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག་བྱེད་པ། གསར་གཏོད་བརྩོན་ལེན་བཅས་བྱས་ཏེ། སློབ་གསོ་དང་ཚན་རིག རིག་གནས། འཕྲོད་བསྟེན། དེ་མིན་ས་གནས་བརྗེ་རེས་སོགས་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས། དམ་ཞིང་ཡུན་རིང་བའི་ཀྲུང་གོ་དང་ཧྥ་རན་སིའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བར་དུས་རབས་གསར་བ་གསར་སྤེལ་བྱེད་པར་འབད་བརྩོན་བྱེད་དགོས་ཞེས་ནན་གྱིས་བསྟན།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག