མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲང་ཀའོ་ལིས་ཀྱིས་མགོ་འཛིན་མཛད་དེ་མགོ་ཁྲིད་ཚན་ཆུང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་བསྡུས།

རྩོམ་པ་པོ། བཀྲ་ཤིས་འབུམ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-09-19 11:47

张高丽主持召开国务院第三次全国经济普查领导小组第二次全体会议并讲话.jpg

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱལ་ཡོངས་དཔལ་འབྱོར་ཁྱབ་བཤེར་ཐེངས་གསུམ་པའི་མགོ་ཁྲིད་ཚན་ཆུང་གི་ཙུའུ་ཀྲང་ཀྲང་ཀའོ་ལིས་ཀྱིས་ཚེས་བཅོ་བརྒྱད་ཉིན་མགོ་འཛིན་མཛད་དེ་མགོ་ཁྲིད་ཚན་ཆུང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་བསྡུས།

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱལ་ཡོངས་དཔལ་འབྱོར་ཁྱབ་བཤེར་ཐེངས་གསུམ་པའི་མགོ་ཁྲིད་ཚན་ཆུང་གི་ཙུའུ་ཀྲང་ཀྲང་ཀའོ་ལིས་ཀྱིས་ཚེས་བཅོ་བརྒྱད་ཉིན་མགོ་འཛིན་མཛད་དེ་མགོ་ཁྲིད་ཚན་ཆུང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་བསྡུས་ཏེ། མགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་གིས་ཁྱབ་བཤེར་བྱ་བ་དང་གཞི་གྲངས་གཙོ་བོའི་མཇུག་འབྲས་ཡར་ཞུ་བྱས་པར་ཉན་པ་དང་དུས་སྐབས་བརྗེ་མའི་ལས་འགན་བཀོད་སྒྲིག་བྱས། ཁོང་གིས་ཁྱབ་བཤེར་ཐད་ནས་བླངས་པའི་དུས་སྐབས་རང་བཞིན་གྱི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་མཛད་པར་མ་ཟད། དམངས་དོན་དུ་ཁྱབ་བཤེར་བྱེད་པའི་བསམ་བློ་ཆགས་པར་བྱེད་པ་དང་། ཁྱབ་བཤེར་རྒྱུ་ཆ་གསར་སྤེལ་དང་བཀོལ་སྤྱོད་བྱེད་པར་ཤུགས་བསྣན་ནས། བཅོས་སྒྱུར་སྒོ་འབྱེད་དང་དེང་རབས་ཅན་འཛུགས་སྐྲུན་ཐད་ལ་ཞབས་ཕྱི་བཟང་བོ་བསྒྲུབ་དགོས་ཞེས་ནན་གྱིས་གསུངས།

    ཀྲང་ཀའོ་ལིས་ཀྱིས་གསུངས་རྒྱུར། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཡང་དག་པའི་མགོ་ཁྲིད་འོག ས་གནས་ཀྱི་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་རྩ་འཛུགས་ཞིབ་མོ་བྱས་པ་དང་། ཁོངས་གཏོགས་ལས་ཁུངས་སོ་སོས་གཞོགས་འདེགས་དམ་པོ་བྱས་ཤིང་། དཔལ་འབྱོར་ཁྱབ་བཤེར་གཞུང་སྒྲུབ་ཁང་གིས་ལག་བསྟར་ནན་མོ་བྱས་པ་དང་ཁྱབ་བཤེར་བྱེད་ཡུལ་གྱིས་ཧུར་ཐག་སྒོས་གཞོགས་འདེགསབྱས་པས་ཁྱབ་བཤེར་བྱ་བའི་ཐད་ནས་གྲུབ་འབྲས་བཟང་བོ་ཐོབ་ཟེར།

    ཀྲང་ཀའོ་ལིས་ཀྱིས་ཐེངས་འདིའི་ཁྱབ་བཤེར་བྱ་བ་གོ་སྐབས་སུ་བཟུང་སྟེ་བསྡོམས་རྩིས་བཅོས་སྒྱུར་གསར་སྐྲུན་ལ་སྐུལ་འདེད་བཏང་ནས་བསྡོམས་རྩིས་དང་ཁྱབ་བཤེར་ལམ་ལུགས་སྔར་ལས་འཐུས་ཚང་དུ་གཏོང་དགོས་པ་དང་། ཤུགས་ཆེན་པོས་དམངས་ཀྱི་དོན་དུ་ཁྱབ་བཤེར་བྱེད་པའི་བསམ་བློ་དར་སྤེལ་བྱས་ནས་བསྡོམས་རྩིས་ལས་བྱེད་པའི་དཔུང་སྡེའི་བྱང་ཚད་ཕྱོགས་ཡོངས་ནས་ཇེ་མཐོར་གཏོང་དགོས་པའི་ཐུགས་རེ་བཏོན།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག