མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཤིན་ཅང་ཡན་ཆི་ཧུའེ་རིགས་རང་སྐྱོང་རྫོང་བཙུགས་ནས་ལོ་60འཁོར་བར་རྟེན་འབྲེལ་ཞུས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-09-18 10:41

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཚེས17ཉིན་ཤིན་ཅང་ཡན་ཆི་ཧུའེ་རིགས་རང་སྐྱོང་རྫོང་བཙུགས་ནས་ལོ60འཁོར་བར་རྟེན་འབྲེལ་ཞུས་པ་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་མི་རིགས་ཨུ་ཡོན་ལྷན་ཁང་དང་། རྒྱལ་ཁབ་མི་རིགས་བྱ་དོན་ཨུ་ཡོན་ལྷན་ཁང་གིས་བཀྲ་ཤིས་བདེ་ལེགས་ཞུ་བའི་གློག་འཕྲིན་བཏང་གནང་བ་མ་ཟད། བཀྲ་ཤིས་བདེ་ལེགས་ཞུ་མཁན་ཚོགས་པ་བཀྲ་ཤིས་བདེ་ལེགས་ཞུ་བར་མངགས་ཡོད། ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་དང་པ་དབྱིན་ཀོ་ལེ་སོག་རིགས་སྐྱོང་ཁུལ་གྱིས་ཀྱང་བཀྲ་ཤིས་བདེ་ལེགས་ཞུ་མཁན་ཚོགས་པ་མངགས་ཡོད། ཡན་ཆི་ཧུའེ་རིགས་རང་སྐྱོང་རྫོང་ནི་ཤིན་ཅང་གྲངས་ཉུང་མི་རིགས་རང་སྐྱོང་རྫོང་དྲུག་གི་གྲས་ཤིག་ཡིན་པ་དང་སྤྱིའི་མི་འབོར་ཆིག་འབུམ་དྲུག་ཁྲི་ཡོད་ཅིང་། རྫོང་དེའི་ནང་ཧུའེ་རིགས་དང་རྒྱ་རིགས། ཡུ་གུར་རིགས། སོག་རིགས་སོགས་མི་རིགས་29འཚོ་སྡོད་བྱེད་ཀྱི་ཡོད། ཤིན་ཅང་ཡན་ཆི་ཧུའེ་རིགས་རང་སྐྱོང་རྫོང་བཙུགས་པར་རྟེན་འབྲེལ་ཞུ་རིང་། རོལ་དབྱངས་དང་ཞབས་བྲོའི་ལོ་རྒྱུས་སྙན་ངག་ཆེ་གྲས་རྩྭ་ཐང་གི་ཞབས་བྲོ་ཞེས་པ་འཁྲབ་སྟོན་བྱེད་རྒྱུ་དང་། ནུབ་བྱང་གི་ཞིང་ལྗོངས་ལྔའི་ཧུའེ་རིགས་ཀྱི་ཧྭའར་ཞེས་པ་འཁྲབ་སྟོན་སོགས་ཀྱི་བྱེད་སྒོ་སྤེལ་རྒྱུ་ཡིན་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག