མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་རྒྱ་གར་གྱི་གསར་འགྱུར་ལས་ཁུངས་བརྒྱུད་དེ་མིང་བཀོད་པའི་རྩོམ་ཡིག་སྤེལ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-09-18 10:35

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱ་གར་ལ་རྒྱལ་དོན་འཚམས་འདྲི་བྱེད་པའི་སྔོན་དག་དག་ལ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས་བཅུ་བདུན་ཉིན་རྒྱ་གར་གྱི་གསར་འགྱུར་ལས་ཁུངས་གཙོ་བོ་བརྒྱུད་དེ་ཁ་ཡིག་ལ་ལག་གདང་སྦྲེལ་ཏེ་དར་རྒྱས་གོང་འཕེལ་དུ་འགྲོ་བཞིན་པའི་ཨེ་ཤ་ཡའི་ལོ་རྒྱུས་གསར་བ་གསར་སྐྲུན་བྱེད་དགོས་ཞེས་པའི་མིང་བཀོད་རྩོམ་ཡིག་སྤེལ།

ཞི་ཅིན་ཕེན་གྱིས་གསུངས་རྒྱུར། དུས་རབས་གསར་བར་སླེབས་པའི་ཚུན་ལ། ཀྲུང་གོ་དང་རྒྱ་གར་གཉིས་ཀྱི་འབྲེལ་བར་འཕེལ་རྒྱས་ཆེན་པོ་བྱུང་བ་དང་། རྒྱལ་ཁབ་གཉིས་ཀྱིས་ཞི་བདེ་དང་དར་རྒྱས་ལ་ཁ་ཕྱོགས་པའི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་བཙུགས་པས། ཀྲུང་གོ་དང་རྒྱ་གར་གཉིས་ཀྱི་འབྲེལ་བ་དེ་དུས་རབས་ཉེར་གཅིག་པར་གསོན་ཤུགས་དང་སྦས་ཤུགས་ཆེན་པོ་ལྡན་པའི་ཕྱོགས་གཉིས་ཀྱི་འབྲེལ་བའི་ནང་གི་གཅིག་ཡིན་པས། ང་ཚོས་རྒྱལ་ཁབ་གཉིས་ཀྱི་འཕེལ་རྒྱས་འཐབ་ཇུས་འབྲེལ་བ་སྔར་ལས་ཇེ་དམ་དུ་བཏང་སྟེ། མཉམ་དུ་ང་ཚོ་ཐུན་མོང་གི་རྒྱལ་ཁབ་སྟོབས་ལྡན་དང་མི་དམངས་ཕྱུག་སྒྱུར་གྱི་ཕུགས་འདུན་མངོན་འགྱུར་བྱེད་དགོས་ཟེར།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག