མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་ཀུའུ་ཅི་ལ་ཐི་པང་ལ་ཕེབས་ཏེ་རྒྱ་གར་ལ་རྒྱལ་དོན་འཚམས་འདྲི་མཛད་མགོ་བརྩམས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-09-18 10:35

ཟླ་དགུ་བའི་ཚེས་བཅུ་བདུན་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་ཀུའུ་ཅི་ལ་ཐི་པང་གི་ཨེ་ཧ་མེད་ཏ་པ་ཏི་གྲོང་ཁྱེར་ལ་ཕེབས་ཏེ། རྒྱ་གར་ལ་རྒྱལ་དོན་འཚམས་འདྲི་མཛད་མགོ་བརྩམས།
ཟླ་དགུ་བའི་ཚེས་བཅུ་བདུན་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་ཀུའུ་ཅི་ལ་ཐི་པང་གི་ཨེ་ཧ་མེད་ཏ་པ་ཏི་གྲོང་ཁྱེར་ལ་ཕེབས་ཏེ། རྒྱ་གར་ལ་རྒྱལ་དོན་འཚམས་འདྲི་མཛད་མགོ་བརྩམས།
ཟླ་དགུ་བའི་ཚེས་བཅུ་བདུན་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་ཀུའུ་ཅི་ལ་ཐི་པང་གི་ཨེ་ཧ་མེད་ཏ་པ་ཏི་གྲོང་ཁྱེར་ལ་ཕེབས་ཏེ། རྒྱ་གར་ལ་རྒྱལ་དོན་འཚམས་འདྲི་མཛད་མགོ་བརྩམས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་ཚེས་བཅུ་བདུན་ཉིན་ཀུའུ་ཅི་ལ་ཐི་པང་གི་ཨེ་ཧ་མེད་ཏ་པ་ཏི་གྲོང་ཁྱེར་ལ་ཕེབས་ཏེ། རྒྱ་གར་ལ་རྒྱལ་དོན་འཚམས་འདྲི་མཛད་མགོ་བརྩམས།

ས་དེའི་ཚེས་བཅུ་བདུན་ཉིན་གྱི་ཕྱི་དྲོའི་དུས་ཚོད་གཉིས་དང་སྐར་མ་ལྔ་བཅུའི་ཡས་མས་སུ། ཞི་ཅིན་ཕེན་བཞུགས་པའི་ཆེད་བཏང་གནམ་གྲུ་ཨེ་ཧ་མེད་ཏ་པ་ཏི་ཡའི་གནམ་གྲུ་ཐང་དུ་བབས། རྒྱ་གར་གྱི་ཀུའུ་ཅི་ལ་ཐི་པང་གི་མགོ་གཙོ་ཁི་ལིས་དང་དབུ་བཞུགས་པུའུ་ཀྲང་ཕ་ཐི་ཨར། ཀྲུང་གོར་སྡོད་པའི་རྒྱ་གར་གྱི་གཞུང་ཚབ་ཆེན་མོ་ཁང་ཐི་སོགས་ཀྱིས་ཞི་ཅིན་ཕེན་དང་ལྕམ་མོ་ཕུན་ལིས་ཡོན་ལ་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས།

ཞི་ཅིན་ཕེན་གྱིས་ཐོག་མར་རྒྱ་གར་མི་དམངས་ལ་ཀྲུང་གོའི་མི་དམངས་ཀྱི་ལྷག་བསམ་རྣམ་དག་གི་འཚམས་འདྲི་དང་སྨོན་འདུན་བཟང་བོ་རྒྱུད་སྒྲོག་མཛད། ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ཀྲུང་གོ་དང་རྒྱ་གར་གཉིས་ནི་ཁྱིམ་མཚེས་རྒྱལ་ཁབ་ཡིན་ལ། རྒྱལ་ཁབ་གཉིས་བར་གྱི་མཛའ་མཐུན་འབྲེལ་བར་ལོ་རྒྱུས་ཡུན་རིང་ལྡན། ཀྲུང་གོ་ཕྱོགས་ཀྱིས་རྒྱ་གར་ཕྱོགས་དང་མཉམ་དུ་སྔར་ལས་བཟང་བའི་འཕེལ་རྒྱས་གྲོགས་པོའི་འབྲེལ་བ་འཛུགས་སྐྲུན་བྱས་ནས། རྒྱལ་ཁབ་སྟོབས་ལྡན་དང་མི་དམངས་ཕྱུག་སྒྱུར་གྱི་རླབས་ཆེན་དམིགས་འབེན་མཉམ་དུ་མངོན་འགྱུར་བྱེད་འདོད་ཡོད། ངས་ཙུང་ཐུང་མུའུ་ཁི་ཅི་དང་ཙུང་ལི་མའོ་ཏིས། རྒྱ་གར་ལས་རིགས་ཁག་བཅས་དང་ཡོངས་ཁྱབ་ཏུ་འབྲེལ་འདྲིས་བྱས་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་མ་འོང་བ་མཉམ་དུ་ཇུས་འགོད་བྱེད་པ་དང་། ཀྲུང་གོ་དང་རྒྱ་གར་གཉིས་ཀྱི་འབྲེལ་བའི་རྣམ་པ་གསར་བ་གསར་གཏོད་བྱེད་པར་རེ་སྒུག་བྱས་ཡོད་ཟེར།

ཝང་ཧུའུ་ཉིན་དང་ལིས་ཀྲན་ཧྲུའུ། དབྱང་ཅེ་ཁྲི་སོགས་ཀྲུའུ་ཞི་ཞི་ཅིན་ཕེན་དང་མཉམ་དུ་ཀུའུ་ཅི་ལ་ཐི་པང་ལ་ཐོན།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག