མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་ཨཱར་ཏི་ཝེ་རྒྱལ་ཁབ་ལ་རྒྱལ་དོན་འཚམས་འདྲི་མཛད་ཚར་ཏེ་ཁི་ལུང་ཕོ་གྲོང་ཁྱེར་དུ་ཕེབས་ནས་སིང་ག་ཕོར་རྒྱལ་ཁབ་ལ་རྒྱལ་དོན་འཚམས་འདྲི་མཛད་མགོ་བརྩམས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-09-17 10:49

ཟླ་དགུ་བའི་ཚེས་བཅུ་དྲུག་ཉིན། སིང་ག་ཕོར་རྒྱལ་ཁབ་ཀྱི་ཙུང་ཐུང་ལ་ཅ་ཕ་ཁི་ས་ཡིས་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་ལ་དགའ་བསུ་ཞུ་བའི་མཛད་སྒོ་བསྡུས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དགུ་བའི་ཚེས་བཅུ་དྲུག་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཨཱར་ཏི་ཝེ་རྒྱལ་ཁབ་ལ་རྒྱལ་དོན་འཚམས་འདྲི་མཛད་ཚར་ཏེ་ཁི་ལུང་ཕོ་གྲོང་ཁྱེར་དུ་ཕེབས་ནས་སིང་ག་ཕོར་རྒྱལ་ཁབ་ལ་རྒྱལ་དོན་འཚམས་འདྲི་མཛད་མགོ་བརྩམས།

ཉིན་དེའི་དུས་ཚོད་བཅུ་གཅིག་དང་སྐར་མ་བཞི་བཅུའི་སྟེང་ཞི་ཅིན་ཕེན་བཞུགས་པའི་ཆེད་བཏང་གནམ་གྲུ་ཁི་ལུང་ཕོ་གྲོང་ཁྱེར་གྱི་པན་ཏ་ལ་ནེ་ཁི་རྒྱལ་སྤྱིའི་གནམ་གྲུ་ཐང་དུ་ཐོན་པ་དང་། སིང་ག་ཕོར་རྒྱལ་ཁབ་ཀྱི་ཙུང་ཐུང་ལ་ཅ་ཕ་ཁི་ས་ཡིས་གནམ་གྲུ་ཐང་དུ་དགའ་བསུ་ཞུ་བའི་མཛད་སྒོ་བསྡུས། ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ཀྲུང་གོ་དང་སིང་ག་ཕོར་བར་གྱི་མཛའ་མཐུན་འགྲོ་འོང་ཆུ་བོའི་རྒྱུན་བཞིན་རིང་ལ། རྒྱལ་ཁབ་གཉིས་ཀ་ནི་དཀའ་སྡུག་མཉམ་བསལ་གྱི་གྲོགས་པོ་དང་འཕེལ་རྒྱས་ཐད་ལ་མཉམ་དུ་ཇུས་གཞི་འགོད་པའི་གྲོགས་པོ་ཡིན་པ་དང་སྲོལ་རྒྱུན་མཛའ་བཤེས་ཟབ་པའི་གྲོགས་པོ་བཟང་བོ་ཡང་ཡིན། དེང་སྐབས་ཀྲུང་གོ་དང་སིང་ག་ཕོར་རྒྱལ་ཁབ་གཉིས་ཀྱིས་ཕན་ཚུན་ལ་རོགས་རམ་བྱེད་པ་དང་མི་རབས་ནས་མི་རབས་བར་མཛའ་མཐུན་ཡོང་བའི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་དེ་མགོ་ཚུགས་ས་གསར་བར་གནས་ཡོད་པ་དང་འཕེལ་རྒྱས་ཀྱི་གོ་སྐབས་བཟང་བོ་དང་འཕྲད་ཡོད། ང་ཚོས་སིང་ག་ཕོར་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་དང་མཉམ་དུ་མཛའ་མཐུན་མཉམ་ལས་ཇེ་མང་དུ་གཏོང་བ་དང་རྒྱལ་ཁབ་གཉིས་བར་དུ་ཇུས་གཞི་ཆེན་པོ་འགོད་པར་རེ་སྒུག་བྱེད་བཞིན་ཡོད་ཟེར།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག