མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་སིང་ག་ཕོར་རྒྱལ་ཁབ་ཀྱི་ཙུང་ཐུང་ལ་ཅ་ཕ་ཁི་ས་དང་གྲོས་མོལ་མཛད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-09-17 10:49

ཟླ་དགུ་བའི་ཚེས་བཅུ་དྲུག་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་སིང་ག་ཕོར་རྒྱལ་ཁབ་ཀྱི་ཙུང་ཐུང་ལ་ཅ་ཕ་ཁི་ས་དང་གྲོས་མོལ་མཛད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དགུ་བའི་ཚེས་བཅུ་དྲུག་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་སིང་ག་ཕོར་རྒྱལ་ཁབ་ཀྱི་ཙུང་ཐུང་ལ་ཅ་ཕ་ཁི་ས་དང་གྲོས་མོལ་མཛད།

གྲོས་མོལ་མཛད་སྐབས་ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ཀྲུང་གོས་ཞི་བདེ་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་སྐྱོད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། མཛའ་བཤེས་དང་ཡིད་ཆེས། ཕན་འབྲས། བཟོད་སྒོམ་བཅས་ཀྱི་མཐའ་འཁོར་ཕྱི་འབྲེལ་འདུ་ཤེས་ཆགས་པར་བྱས་ཏེ། མཐའ་འཁོར་རྒྱལ་ཁབ་བར་གྱི་འབྲེལ་འདྲིས་ཇེ་ཟབ་དང་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་། ཁྱིམ་མཚེས་མཛའ་མཐུན་ཡོང་ཞིང་མཉམ་དུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས། ང་ཚོས་བློ་བརྟན་འགྱུར་མེད་སྒོས་སིང་ག་ཕོར་རྒྱལ་ཁབ་ཀྱིས་རང་བཙན་དང་བདག་དབང་། མངའ་ཁོངས་ཆ་ཚང་བར་སྲུང་སྐྱོབ་བྱེད་པར་རྒྱབ་སྐྱོར་བྱེད་པ་དང་། སིང་ག་ཕོར་མི་དམངས་ཀྱིས་རྒྱལ་ཁབ་རང་གི་གནས་ཚུལ་ལྟར་འཕེལ་རྒྱས་ཀྱི་བགྲོད་ལམ་བདམས་པར་རྒྱབ་སྐྱོར་བྱེད་པ་ཡིན་ཟེར།

ས་ཅ་ཕ་ཁི་ས་ཡིས་བཤད་རྒྱུར། སིང་ག་ཕོར་དང་ཀྲུང་གོ་བར་གྱི་མཛའ་མཐུན་འབྲེལ་བ་ཆུ་བོའི་རྒྱུན་བཞིན་རིང་ལ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ་ཕན་ཚུན་ལ་བརྩི་འཇོག་དང་ཡིད་ཆེས་བྱེད་པའི་རྨང་གཞིའི་སྟེང་སྔར་ལས་འཕེལ་རྒྱས་སུ་འགྲོ་བཞིན་ཡོད། སིང་ག་ཕོར་ཕྱོགས་ཧུར་ཐག་སྒོས་ཨེ་ཤ་ཡའི་རྨང་གཞིའི་སྒྲིག་ཆས་དངུལ་གཏོང་དངུལ་ཁང་འཛུགས་པའི་ཁྲོད་དུ་ཞུགས་འདོད་ཡོད་ལ། ཕྱོགས་གཉིས་ཀྱིས་མི་གཞུང་བརྗེ་རེས་རྒྱ་བསྐྱེད་པ་དང་སྲོལ་རྒྱུན་མཛའ་བཤེས་དར་སྤེལ་བྱེད་དགོས། སིང་ག་ཕོར་ཕྱོགས་ཀྱིས་ཀྲུང་གོས་སིང་ག་ཕོར་ནས་ཁུང་ཙིའི་སློབ་གླིང་བཙུགས་ཏེ། སིང་ག་ཕོར་ཕྱོགས་ཀྱིས་མཐོ་རིམ་སློབ་གྲྭའི་ཚན་ཞིབ་དང་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་པའི་ཆུ་ཚད་ཇེ་མཐོར་གཏོང་བར་རོགས་རམ་བྱེད་དགོས་ཟེར།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག