མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་སིང་ག་ཕོར་རྒྱལ་ཁབ་ཀྱི་སྨྱན་བྱད་གཙོ་བོར་ཁ་ཡིག་ལ་དཀའ་སྡུག་མཉམ་བསལ་གྱི་གྲོགས་པོ་བཟང་བོ་བྱེད་དགོས་ཞེས་པའི་མིང་བཀོད་རྩོམ་ཡིག་ཅིག་སྤེལ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-09-17 10:49

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དགུ་བའི་ཚེས་བཅུ་དྲུག་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་སིང་ག་ཕོར་རྒྱལ་ཁབ་ཀྱི་སྨྱན་བྱད་གཙོ་བོར་ཁ་ཡིག་ལ་དཀའ་སྡུག་མཉམ་བསལ་གྱི་གྲོགས་པོ་བཟང་བོ་བྱེད་དགོས་ཞེས་པའི་མིང་བཀོད་རྩོམ་ཡིག་ཅིག་སྤེལ།

ཞི་ཅིན་ཕེན་གྱིས་གསུངས་རྒྱུར། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་ང་བདུན་གྱི་རིང་ལ། ཀྲུང་གོ་དང་སིང་ག་ཕོར་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ་དུས་དང་རྣམ་པ་ཀུན་ཏུ་བདེ་བླག་དང་བརྟན་འཇགས་སྒོས་འཕེལ་རྒྱས་སུ་སོང་བ་དང་། རྒྱལ་ཁབ་ཆེ་ཆུང་གང་རུང་ལ་མཛའ་མཐུན་མཉམ་གནས་དང་གཉིས་ཕན་མཉམ་ལས་བྱེད་པའི་དཔེ་སྟོན་དུ་གྱུར་ཡོད། ན་ནིང་ཀྲུང་གོ་དང་སིང་ག་ཕོར་བར་དུ་ཡིད་ཆེས་རོགས་སྐྱོར་དང་མི་རབས་ནས་མི་རབས་བར་མཛའ་མཐུན་ཡོང་བའི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་བཙུགས་པ་དེ་ལས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ་འཕེལ་རྒྱས་ཀྱི་དུས་སྐབས་གསར་བར་སླེབ་པ་མཚོན་ཡོད། ཀྲུང་གོ་དང་སིང་ག་ཕོར་བར་གྱི་འབྲེལ་བ་དེ་ལོ་རྒྱུས་ཀྱི་ཆེས་བཟང་བའི་དུས་སྐབས་སུ་གནས་ཡོད་པ་དང་འཕེལ་རྒྱས་ཀྱི་གོ་སྐབས་བཟང་བོར་འཕྲད་ཡོད་པས། ང་ཚོས་འཕེལ་རྒྱས་ཀྱི་འཐབ་ཇུས་ལག་བསྟར་བྱས་ནས་དཀའ་སྡུག་མཉམ་བསལ་གྱི་གྲོགས་པོ་བཟང་བོ་བྱེད་དགོས་པ་དང་། ཁྱིམ་མཚེས་མཛའ་མཐུན་ཇེ་ཟབ་ཏུ་བཏང་ནས་གཉིས་ཕན་མཉམ་རྒྱལ་གྱི་འཕེལ་རྒྱས་གྲོགས་པོ་བཟང་བོ་བྱེད་དགོས་ཟེར།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག