མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཡུས་ཀྲིན་ཧྲིན་གྱིས་ཀྲུང་གོའི་ཆོས་ལུགས་ལས་རིགས་ཞི་བདེ་ཨུ་ཡོན་ལྷན་ཁང་གི་སྐབས་བཞི་བའི་གྲོས་ཚོགས་ཐེངས་དང་པོར་ཞུགས་པའི་མི་སྣར་མཇལ་འཕྲད་གནང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-09-17 10:49

ཟླ་དགུ་བའི་ཚེས་བཅུ་དྲུག་ཉིན། ཀྲུང་གོའི་ཆོས་ལུགས་ལས་རིགས་ཞི་བདེ་ཨུ་ཡོན་ལྷན་ཁང་གི་སྐབས་བཞི་བའི་གྲོས་ཚོགས་ཐེངས་དང་པོ་པེ་ཅིན་ནས་ཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་ཚོགས་ཞུགས་མི་སྣར་མཇལ་འཕྲད་གནང་བར་མ་ཟད་གསུང་བཤད་གནང་།
ཟླ་དགུ་བའི་ཚེས་བཅུ་དྲུག་ཉིན། ཀྲུང་གོའི་ཆོས་ལུགས་ལས་རིགས་ཞི་བདེ་ཨུ་ཡོན་ལྷན་ཁང་གི་སྐབས་བཞི་བའི་གྲོས་ཚོགས་ཐེངས་དང་པོ་པེ་ཅིན་ནས་ཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་ཚོགས་ཞུགས་མི་སྣར་མཇལ་འཕྲད་གནང་བར་མ་ཟད་གསུང་བཤད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོའི་ཆོས་ལུགས་ལས་རིགས་ཞི་བདེ་ཨུ་ཡོན་ལྷན་ཁང་གི་སྐབས་བཞི་བའི་གྲོས་ཚོགས་ཐེངས་དང་པོ་ཚེས་བཅུ་དྲུག་ཉིན་པེ་ཅིན་ནས་ཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་ཚོགས་ཞུགས་མི་སྣར་མཇལ་འཕྲད་གནང་བར་མ་ཟད་གསུང་བཤད་གནང་།

ཡུས་ཀྲིན་ཧྲིན་གྱིས་གྲོས་ཚོགས་ཕུན་སུམ་ཚོགས་པའི་ངང་ཚོགས་པ་དང་ཀྲུང་གོའི་ཆོས་ལུགས་ལས་རིགས་ཞི་བདེ་ཨུ་ཡོན་ལྷན་ཁང་གི་སྐབས་གསར་བའི་མགོ་ཁྲིད་ཚན་ཁག་འདེམ་བསྐོ་བྱས་པར་རྟེན་འབྲེལ་ཞུས་པར་མ་ཟད། རྒྱལ་ཡོངས་ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་རྒྱ་ཆེའི་དད་ལྡན་མང་ཚོགས་ལ་སྙིང་ཉེ་བའི་འཚམས་འདྲི་ཞུས།

ཡུས་ཀྲིན་ཧྲིན་གྱིས་གསུངས་རྒྱུར། ཀྲུང་གོའི་ཆོས་ལུགས་ལས་རིགས་ཞི་བདེ་ཨུ་ཡོན་ལྷན་ཁང་གི་ལས་འགན་གཙོ་བོ་ནི་འཛམ་གླིང་གི་ཞི་བདེ་ལ་ཡར་སྐུལ་གཏོང་བ་དང་། རྒྱལ་སྤྱིའི་ཆོས་ལུགས་ཞི་བདེ་རྩ་འཛུགས་བར་གྱི་མཛའ་མཐུན་འགྲོ་འོང་ལ་ཤུགས་སྣོན་པ། རང་རྒྱལ་གྱི་ཆོས་ལུགས་སྲིད་ཇུས་ཧུར་ཐག་སྒོས་དྲིལ་སྒྲོག་བྱས་ནས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རང་རྒྱལ་གྱི་ཆོས་ལུགས་སྲིད་ཇུས་ལ་གོ་བ་ཟབ་མོ་ལེན་དུ་འཇུག་རྒྱུ་དེ་ཡིན། ཀྲུང་གོའི་ཆོས་ལུགས་ལས་རིགས་ཞི་བདེ་ཨུ་ཡོན་ལྷན་ཁང་དེ་ཏང་དང་སྲིད་གཞུང་གིས་ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་རྒྱ་ཆེའི་དད་ལྡན་མང་ཚོགས་དང་འབྲེལ་འདྲིས་བྱེད་པའི་རྩ་འཛུགས་གཙོ་བོ་ཞིག་ཏུ་བསྒྱུར་དགོས་ལ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཕྱི་ཕྱོགས་འགྲོ་འོང་བྱ་བའི་ལས་ཁུངས་གཙོ་བོའི་ཐུན་མོང་མ་ཡིན་པའི་ནུས་པ་སྔར་ལས་འདོན་སྤེལ་བྱེད་དགོས་པར་མ་ཟད། ཀྲུང་གོའི་ཆོས་ལུགས་ལས་རིགས་ཞི་བདེ་ཨུ་ཡོན་ལྷན་ཁང་རང་སྟེང་གི་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ། བྱ་བ་སྔར་ལས་བཟང་བོར་སྒྲུབ་པ་དང་བྱ་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་སུ་གཏོང་དགོས་ཟེར།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག