མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་མཱར་ཏི་ཝེ་རྒྱལ་ཁབ་ཀྱི་ཙུང་ཐུང་ཡ་མེན་དང་གྲོས་མོལ་མཛད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-09-16 11:03

ཟླ་དགུ་བའི་ཚེས་བཅོ་ལྔ་ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་མཱར་ཏི་ཝེ་རྒྱལ་ཁབ་ཀྱི་ཙུང་ཐུང་ཡ་མེན་དང་གྲོས་མོལ་མཛད།
ཟླ་དགུ་བའི་ཚེས་བཅོ་ལྔ་ཉིན་གྱི་སྔ་དྲོར། རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་གསར་འགོད་པར་ཐུག་འཕྲད་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དགུ་བའི་ཚེས་བཅོ་ལྔ་ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་མཱར་ཏི་ཝེ་རྒྱལ་ཁབ་ཀྱི་ཙུང་ཐུང་ཡ་མེན་དང་གྲོས་མོལ་མཛད། རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་ཕྱོགས་གཉིས་ཀྱི་འབྲེལ་བ་དང་ཐུན་མོང་གིས་སེམས་ཁུར་བྱེད་པའི་གནད་དོན་ཐད་ནས་དགོངས་འཆར་བརྗེ་རེས་མཛད་པར་མ་ཟད། ཀྲུང་གོ་དང་ཨཱར་ཏི་ཝེ་རྒྱལ་ཁབ་གཉིས་ཀྱིས་མ་འོངས་པར་མ་ཕྱོགས་པའི་ཕྱོགས་ཡོངས་ཀྱི་མཛའ་མཐུན་མཉམ་ལས་འབྲེལ་བ་འཛུགས་པར་འཐད་པ་བྱུང་།

གྲོས་མོལ་མཛད་སྐབས་ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ཀྲུང་གོ་དང་ཨཱར་ཏི་ཝེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཧ་ཅང་བཟང་ཞིང་དཀའ་ཁག་དང་བཀག་རྐྱེན་ཅི་ཡང་མེད་པ་དང་། མཛའ་བཤེས་ཇེ་ཟབ་དང་མཉམ་ལས་ལ་ཤུགས་སྣོན་རྒྱུ་ནི་ཐུན་མོང་གི་རེ་འདུན་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཨཱེ་ཏི་ཝེ་ཡི་རང་བཙུན་དང་བདག་དབང་། མངའ་ཁོངས་ཆ་ཚང་བར་བརྩི་འཇོག་བྱེད་པ་དང་ཨཱར་ཏི་ཝེ་མི་དམངས་ཀྱིས་རྒྱལ་ཁབ་རང་གི་གནས་ཚུལ་ལྟར་ཆབ་སྲིད་ཀྱི་ལམ་ལུགས་དང་འཕེལ་རྒྱས་ཀྱི་བགྲོད་ལམ་བདམས་པར་བརྩི་འཇོག་བྱེད་པ་ཡིན། གནས་བབ་གསར་བའི་འོག་ཏུ་ཀྲུང་གོ་ཕྱོགས་ཀྱིས་ཨཱེ་ཏི་ཝེ་ཕྱོགས་དང་མཉམ་དུ་སྲོལ་རྒྱུན་མཛའ་བཤེས་ཇེ་ཟབ་ཏུ་བཏང་ནས། ཀྲུང་གོ་དང་ཨཱར་ཏི་ཝེ་རྒྱལ་ཁབ་གཉིས་ཀྱིས་མ་འོངས་པར་ཁ་ཕྱོགས་པའི་ཕྱོགས་ཡོངས་ཀྱི་མཛའ་མཐུན་མཉམ་ལས་འབྲེལ་བ་འཛུགས་འདོད་ཡོད་ཟེར།

ཡ་མེན་གྱིས་བཤད་རྒྱུར། ཨཱར་ཏི་ཝེ་ཕྱོགས་ཀྱིས་ཀྲུང་གོས་ཨཱར་ཏི་ཝེ་རྒྱལ་ཁབ་ཀྱི་དཔལ་འབྱོར་འཕེལ་རྒྱས་ཐད་ལ་རྒྱབ་སྐྱོར་དང་རོགས་རམ་བྱས་པར་བཀའ་དྲིན་ཆེ་ཞུ་བར་མ་ཟད། ཀྲུང་གོ་དང་མཉམ་དུ་གནས་སྐོར་དང་མི་གཞུང་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་དང་མཉམ་ལས་རྒྱ་བསྐྱེད་འདོད་ཡོད། ཨཱར་ཏི་ཝེ་ཕྱོགས་ཀྱིས་ཀྲུང་གོས་རྒྱལ་སྤྱིའི་ལས་དོན་ཁྲོད་དུ་ཞི་བདེ་མཉམ་གནས་ལྔའི་རྩ་དོན་ལག་བསྟར་བྱས་པར་གཟེངས་བསྟོད་བྱེད་པར་མ་ཟད། ཀྲུང་གོ་ཕྱོགས་དང་མཉམ་དུ་ནམ་ཟླའི་འགྱུར་ལྡོག་སོགས་སྣ་མང་ལས་དོན་ཁྲོད་དུ་རོགས་ལས་བྱེད་འདོད་ཡོད་ཟེར།

རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་ད་དུང་གསར་འགོད་པར་ཐུག་འཕྲད་བྱས། ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ཀྲུང་གོ་དང་ཨཱར་ཏི་ཝེ་རྒྱལ་ཁབ་གཉིས་ཀྱིས་མ་འོངས་པར་ཁ་ཕྱོགས་པའི་ཕྱོགས་ཡོངས་ཀྱི་མཛའ་མཐུན་མཉམ་ལས་འབྲེལ་བ་འཛུགས་རྒྱུ་ཐག་བཅད་པ་དེས་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ཐད་ལ་མདུན་ལྗོངས་རྒྱ་ཆེན་པོ་གསར་སྐྲུན་བྱས། ང་ཚོས་ཨཱར་ཏི་ཝེ་ཕྱོགས་དང་མཉམ་དུ་ཞི་བདེ་མཉམ་ལས་ཀྱི་རྩ་དོན་ལྔའི་རྨང་གཞིའི་སྟེང་སྟོབས་ཤུགས་གཅིག་སྒྲིལ་བྱས་ནས་ཀྲུང་གོ་དང་ཨཱར་ཏི་ཝེ་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བ་དང་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྐྲུན་འདོད་ཡོད་ཟེར།

ཡ་མེན་གྱིས་བཤད་རྒྱུར། ཨཱར་ཏི་ཝེ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། རོགས་ལས་ཀྱི་གྲོགས་པོ་དང་མཉམ་དུ་འཕེལ་རྒྱས་སུ་འགྲོ་བའི་གྲོགས་པོ་བྱེད་འདོད་ཡོད་ཟེར།

གྲོས་མོལ་མ་མཛད་པའི་སྔོན་ལ། ཨཱར་ཏི་ཝེ་རྒྱལ་ཁབ་ཀྱི་ཙུང་ཐུང་ཡ་མེན་གྱིས་ཀྲུའུ་ཞི་ཞི་ཅིན་ཕེན་རྒྱལ་དོན་འཚམས་འདྲིར་ཕེབས་པར་བསུ་བ་བྱེད་པའི་མཛད་སྒོ་བསྡུས།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག