མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲང་ཀའོ་ལིས་ཀྱིས་ཀྲུང་གོ་དང་ཨེ་ཤ་ཡའི་ཤར་ལྷོ་མནའ་འབྲེལ་འགྲེམ་སྟོན་ཚོགས་འདུ་ཐེངས་བཅུ་གཅིག་པར་ཞུགས་པའི་ཨེ་ཤ་ཡའི་ཤར་ལྷོ་མནའ་འབྲེལ་རྒྱལ་ཁབ་ཀྱི་མགོ་ཁྲིད་པར་མཇལ་འཕྲད་གནང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-09-16 11:03

ཟླ་དགུ་བའི་ཚེས་བཅོ་ལྔ་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ཀྲང་ཀའོ་ལིས་ཀྱིས་ཀོང་ཞི་ནན་ཉིན་ནས་ཀྲུང་གོ་དང་ཨེ་ཤ་ཡའི་ཤར་ལྷོ་མནའ་འབྲེལ་འགྲེམ་སྟོན་ཚོགས་འདུ་ཐེངས་བཅུ་གཅིག་པ་དང་ཀྲུང་གོ་དང་ཨེ་ཤ་ཡའི་ཤར་ལྷོ་མནའ་འབྲེལ་ཚོང་དོན་དངུལ་གཏོང་མཐོ་རིམ་གྲོས་ཚོགས་སུ་ཞུགས་པར་ཡོང་བའི་སིང་ཀ་ཕོར་གྱི་ཙུང་ལི་ལིས་ཞན་ལུང་ལ་མཇལ་འཕྲད་གནང་།
ཟླ་དགུ་བའི་ཚེས་བཅོ་ལྔ་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ཀྲང་ཀའོ་ལིས་ཀྱིས་ཀོང་ཞི་ནན་ཉིན་ནས་ཀྲུང་གོ་དང་ཨེ་ཤ་ཡའི་ཤར་ལྷོ་མནའ་འབྲེལ་འགྲེམ་སྟོན་ཚོགས་འདུ་ཐེངས་བཅུ་གཅིག་པ་དང་ཀྲུང་གོ་དང་ཨེ་ཤ་ཡའི་ཤར་ལྷོ་མནའ་འབྲེལ་ཚོང་དོན་དངུལ་གཏོང་མཐོ་རིམ་གྲོས་ཚོགས་སུ་ཞུགས་པར་ཡོང་བའི་ལའོ་ཝུའོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་པུན་ཡང་ལ་མཇལ་འཕྲད་གནང་།
ཟླ་དགུ་བའི་ཚེས་བཅོ་ལྔ་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ཀྲང་ཀའོ་ལིས་ཀྱིས་ཀོང་ཞི་ནན་ཉིན་ནས་ཀྲུང་གོ་དང་ཨེ་ཤ་ཡའི་ཤར་ལྷོ་མནའ་འབྲེལ་འགྲེམ་སྟོན་ཚོགས་འདུ་ཐེངས་བཅུ་གཅིག་པ་དང་ཀྲུང་གོ་དང་ཨེ་ཤ་ཡའི་ཤར་ལྷོ་མནའ་འབྲེལ་ཚོང་དོན་དངུལ་གཏོང་མཐོ་རིམ་གྲོས་ཚོགས་སུ་ཞུགས་པར་ཡོང་བའི་འབར་མའི་ཙུང་ཐུང་གཞོན་པ་ཉན་ཐིན་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ཀྲང་ཀའོ་ལིས་ཀྱིས་ཚེས་བཅོ་ལྔ་ཉིན་ནན་ཉིན་ནས་ཀྲུང་གོ་དང་ཨེ་ཤ་ཡའི་ཤར་ལྷོ་མནའ་འབྲེལ་འགྲེམ་སྟོན་ཚོགས་འདུ་ཐེངས་བཅུ་གཅིག་པ་དང་ཀྲུང་གོ་དང་ཨེ་ཤ་ཡའི་ཤར་ལྷོ་མནའ་འབྲེལ་ཚོང་དོན་དངུལ་གཏོང་མཐོ་རིམ་གྲོས་ཚོགས་སུ་ཞུགས་པར་ཡོང་བའི་སིང་ཀ་ཕོར་གྱི་ཙུང་ལི་ལིས་ཞན་ལུང་དང་ལའོ་ཝུའོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་པུན་ཡང་། འབར་མའི་ཙུང་ཐུང་གཞོན་པ་ཉན་ཐིན་བཅས་ལ་སོ་སོར་མཇལ་འཕྲད་གནང་།

ལིས་ཞིན་ལུང་ལ་མཇལ་འཕྲད་གནང་སྐབས་ཀྲང་ཀའོ་ལིས་ཀྱིས་གསུངས་རྒྱུར། ཀྲུང་གོ་ཕྱོགས་ཀྱིས་སང་ལོར་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་འཁོར་ཉེར་ལྔ་ལོན་པ་དང་བསྟུན་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་ཆེ་ཕྱོགས་ནས་ཇུས་འགོད་དང་ཚན་རིག་ལྟར་མཛུབ་སྟོན་བཟང་བོ་བྱེད་རྒྱུར་མ་ཟད། མཉམ་ལས་གསར་བ་གཏིང་ཟབ་ཏུ་སྤེལ་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་གཏོང་བར་རེ་སྒུག་བྱས་ཡོད་ཟེར།

པུན་དབྱང་ལ་མཇལ་འཕྲད་གནང་སྐབས། ཀྲང་ཀའོ་ལིས་ཀྱིས་གསུངས་རྒྱུར། ཀྲུང་གོ་ཕྱོགས་ཀྱིས་མཐོ་རིམ་བར་གྱི་འགྲོ་འོང་མུ་མཐུད་དུ་ཇེ་དམ་དུ་བཏང་སྟེ། ལྕགས་ལམ་དང་ཐོན་ཁུངས། ནུས་ཁུངས། དཔལ་འབྱོར་ཉོ་ཚོང་། ས་གནས་སོགས་ཁྱབ་ཁོངས་ཀྱི་དངོས་གཉེར་མཉམ་ལས་ལ་སྐུལ་འདེད་གཏོང་འདོད་ཡོད་ཟེར།  

ཉན་ཐིན་ལ་མཇལ་འཕྲད་གནང་སྐབས་ཀྲང་ཀའོ་ལིས་ཀྱིས་གསུངས་རྒྱུར། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་མཐོ་རིམ་བར་གྲོས་མཐུན་བྱུང་བའི་ཐུན་མོང་གི་ལྟ་བ་གལ་ཆེན་ལག་ལེན་མཐར་ཕྱིན་བྱས་ནས། ཕ་རོལ་ཕྱོགས་ཀྱི་ཁེ་ཕན་གཙོ་བོར་བློ་བརྟན་འགྱུར་མེད་སྒོས་སྲུང་སྐྱོབ་བྱེད་པ་དང་། རྒྱལ་ཁབ་གཉིས་བར་གྱི་མཉམ་ལས་ཀྱི་སྲོལ་རྒྱུན་བཟང་བོ་རྒྱུན་འཛིན་དང་དར་སྤེལ་བྱས་ནས། ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་མུ་མཐུད་དུ་རྒྱ་བསྐྱེད་དེ། ཀྲུང་གོ་དང་འབར་མའི་བར་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་ཆུ་ཚད་མཐོར་འདེགས་སུ་གཏོང་དགོས་ཟེར།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག