མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ས་གནས་ཁག་གིས་གཞུང་དངུལ་བཏང་ནས་བག་མེད་ལོངས་སྤྱོད་བྱེད་པའི་སྤྱོད་ཚུལ་ངན་པར་བཅོས་སྒྲིག་ནན་པོ་བྱས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-09-16 10:59

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ད་ལོ་ནས་བཟུང་། ས་གནས་ཁག་གིས་གཞུང་དངུལ་བཏང་ནས་ལག་རྟགས་སྐྱེལ་བ་དང་། གཞུང་དངུལ་བཏང་ནས་རྒྱས་ཟ་རྒྱས་སྤྲོས་བྱེད་པ། མངའ་ཁོངས་ཕྱི་རོལ་ནས་ཚོང་འགུག་མ་འདྲེན་བྱེད་རྒྱུར་ཁ་གཡར་ནས་རྒྱས་སྤྲོས་ལོངས་སྤྱོད་བྱེད་པ། རིན་མཐོའི་ཅ་དངོས་ཉོ་བ་སོགས་ཀྱི་བྱ་སྤྱོད་ལ་བཅོས་སྒྲིག་ནན་པོ་བྱས་པས། གཞུང་དངུལ་འཛད་སྤྱོད་ཁྲོད་ཀྱི་བག་མེད་ལོངས་སྤྱོད་དང་རུལ་སུངས་ཀྱི་སྣང་ཚུལ་ཚོད་འཛིན་ནུས་ལྡན་ཐུབ་ཡོད།

སློབ་གསོ་ལག་ལེན་བྱེད་སྒོ་གཏིང་ཟབ་སྤེལ་རིང་། ས་གནས་ཁག་གིས་གཞུང་དངུལ་བཏང་ནས་ལག་རྟགས་སྐྱེལ་བར་བཅོས་སྒྲིག་བྱེད་པའི་བྱ་ཐབས་སྣ་མང་བཏོན་པ་མ་ཟད་ཕན་ནུས་ཆེན་པོ་ཐོན་ཡོད། ཀུའེ་ཀྲོའུ་ཀུའེ་དབྱང་གྲོང་ཁྱེར་གྱིས་ནོར་སྲིད་དང་། ཞིབ་རྩིས། ལྟ་སྐུལ་ལྟ་ཞིབ། སྤྱི་བདེ། གསར་འགྱུར་ལས་རིགས་བཅས་ལས་གྲུབ་པའི་མཉམ་འབྲེལ་ལྐོག་ཞིབ་ཚོགས་པ་སྒྲིག་འཛུགས་བྱས་ཏེ་མངོན་གསལ་རྟོག་ཞིབ་དང་མངོན་ཆུང་རྩད་གཅོད་ཁྱོན་ཐེངས38བྱས་པ་དང་། གཞུང་དངུལ་བཏང་ནས་འཛད་སྤྱོད་བྱེད་པ་དང་། གཞུང་དངུལ་བཏང་ནས་དུས་ཆེན་གྱི་ལག་རྟགས་སྤྲད་པའི་བཙོངས་འཛིན723འཐེན་ཞིབ་བྱས་ཡོད། གཞུང་དངུལ་བཏང་ནས་བག་མེད་ལོངས་སྤྱོད་བྱེད་པ་དང་། གཞུང་དངུལ་བཏང་ནས་སྐུ་མགྲོན་སྣེ་ལེན་ཞུ་སྐབས་རྒྱས་གཤོམ་རྒྱས་སྤྲོས་བྱེད་རྒྱུར་དགའ་བ་སོགས་ཀྱི་རུལ་སུངས་གནད་དོན་ཡོ་བསྲང་བྱེད་ཆེད། ས་གནས་ཁག་གིས་གཞུང་དངུལ་བཏང་ནས་སྐུ་མགྲོན་ལ་སྣེ་ལེན་ཞུ་བའི་ཚད་གཞི་དང་གཞི་ཁྱོན་ལ་གཏན་འབེབ་ནན་པོ་བཟོས་ཡོད། ཡུན་ནན་ཕུ་ཨར་གྲོང་ཁྱེར་གྱི་ལས་ཁུངས་མི་ཉུང་བ་ཞིག་གིས་སྲིད་གཙང་ཟ་ཁང་བཙུགས་པ་མ་ཟད། གཏན་འཁེལ་གསུམ་དང་མི་ཆོག་པ་གསུམ་སྟེ། སྐུ་མགྲོན་ལ་སྣེ་ལེན་ཞུ་མཁན་གཏན་འཁེལ་བྱེད་དགོས་པ་དང་། གཏན་འཁེལ་གྱི་ས་ཆ་གཅིག་ལ་ཁ་ལག་གཏོང་དགོས་པ། སྣེ་ལེན་གྱི་ཚད་གཞི་གཏན་འཁེལ་བྱེད་དགོས་པ་བཅས་གཏན་འཁེལ་གསུམ་དང་། ཆང་དང་ཐ་མག་འདྲེན་མི་ཆོག་པ་དང་། རིན་མཐོའི་ཇ་འབུལ་མི་ཆོག་པ། རིན་མཐོའི་ཚལ་རིགས་ཉོ་མི་ཆོག་པ་བཅས་མི་ཆོག་པ་གསུམ་གྱི་བླང་བྱ་བཏོན་ཡོད། ཧུའུ་ནན་ཁྲང་ཧྲ་གྲོང་ཁྱེར་གྱིས་ལས་ཁུངས་ནང་གི་དམིགས་བཙུགས་ཟ་ཁང་གཙང་སེལ་བྱས་པ་དང་། དེ་སྔོན་མི་སྒེར་གྱིས་གང་འདོད་ལྟར་ཚལ་ལེན་པ་ནས་ལས་ཁུངས་ཀྱིས་གཅིག་འགྱུར་ཐོག་ཁ་ལག་བཏང་བས། གཞུང་དངུལ་བཏང་ནས་སྣེ་ལེན་ཞུས་པའི་འགྲོ་གྲོན་ནུ་ནིང་དང་བསྡུར་ན་ཉུང་དུ་ཤུགས་ཆེན་ཕྱིན་ཡོད་པ་རེད།

གཞུང་དངུལ་བཏང་ནས་རྒྱས་སྤྲོས་ལོངས་སྤྱོད་བྱེད་པའི་ཐད། ས་གནས་ཁག་གིས་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་བ་དང་། འབྲེལ་ཡོད་འགན་ཁུར་མི་སྣར་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་ཡོད། ཧའེ་ནན་གྱི་ཁག་གཉིས་པའི་སློབ་གསོ་ལག་ལེན་བྱེད་སྒོའི་ལས་ཁུངས་ཀྱིས་ཁྱོན་གཞུང་དངུལ་བཏང་ནས་བག་མེད་ལོངས་སྤྱོད་བྱེད་པ་དང་། རྒྱས་ཟ་རྒྱས་ཐུང་བྱེད་པའི་གནད་དོན21རྩད་གཅོད་ཐུབ་པ་དང་། འབྲེལ་ཡོད་མི་སྣ51ལ་ཞིབ་བཤེར་ཐག་གཅོད་བྱས་ཡོད། ཀུའེ་ཀྲོའུ་དུང་རིན་གྲོང་ཁྱེར་དབྱིན་ཅང་ཐུ་ཅ་རིགས་མེའོ་རིགས་རང་སྐྱོང་རྫོང་གྲོང་ཁུལ་རྙིང་པ་བསྒྱུར་བཀོད་ལས་གྲྭའི་བཀོད་འདོམས་པུའི་ལས་དོན་མི་སྣ་ཝེན་ལིས་ཀྱིས་གཞུང་དངུལ་བཏང་ནས་རིན་གོང་མཐོ་བའི་རོལ་རྩེད་ཁང་དུ་ཕྱིན་པའི་རྐྱེན་གྱིས་སྲིད་འཛིན་ཉེན་བརྡ་གཏོང་བའི་ཉེས་ཆད་ཕོག་ཡོད་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག