མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་པ་དབྱིན་ཀོ་ལེང་སོག་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་ངོ60འཁོར་བ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-09-16 10:59

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཚེས15ཉིན། ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་པ་དབྱིན་ཀོ་ལེང་སོག་རིགས་རང་སྐྱོང་ཁུལ་གྱི་མི་རིགས་ཁག་གི་མི་དམངས་ནས་རང་སྐྱོང་ཁུལ་བཙུགས་ནས་ལོ་ངོ60འཁོར་བར་དགའ་སྤྲོའི་རྟེན་འབྲེལ་ཞུས་ཡོད་པ་རེད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བཀྲིས་བདེ་ལེགས་ཞུ་བའི་གློག་འཕྲིན་བཏང་ཡོད་པ་རེད།

པ་དབྱིན་ཀོ་ལེང་ཞེས་པ་ནི་སོག་སྐད་ཡིན་པ་དང་། དེ་ནི་འབྱོར་ཕྱུག་ལྡན་པའི་ས་ཁོངས་ཞེས་པའི་དོན་ཡིན། སྤྱི་ལོ1954ལོར། པ་དབྱིན་ཀོ་ལེང་སོག་རིགས་རང་སྐྱོང་ཁུལ་བཙུགས་ཡོད་པ་དང་། ད་ལྟ་རྫོང་བརྒྱད་དང་གྲོང་ཁྱེར་གཅིག་ཡོད་པ། སོག་རིགས་དང་ཡུ་གུར་རིགས། རྒྱ་རིགས། ཧུའེ་རིགས་སོགས་མི་རིགས37ཡོད་པ། སྤྱིའི་མི་འབོར་ས་ཡ་གཅིག་དང་བཞི་འབུམ་བཞི་སྟོང་ཉིས་བརྒྱ་ཡོད། པ་དབྱིན་ཀོ་ལེང་མངའ་སྡེའི་བྱང་ཕྱོགས་སུ་བརྗིད་ཉམས་ཆེ་བའི་ཐན་ཧྲན་རི་བོ་ཡོད་པ་དང་། ལྷོ་ཕྱོགས་སུ་ཁུན་ལུན་ཧྲན་རི་བོ་དང་ཨར་ཅིན་ཧྲན་རི་བོ་གནས་ཡོད། ད་ལྟ་སྲིད་འཛིན་ས་ཁོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་བཞི་འབུམ་བརྒྱད་ཁྲི་ཡོད་པ་དང་། རྒྱལ་ཡོངས་ཀྱི་ས་ཁུལ་རིམ་པའི་སྲིད་འཛིན་ཁུལ་ཆེ་ཤོས་དེ་ཡིན་པ་རེད།

པ་དབྱིན་ཀོ་ལེང་སོག་རིགས་རང་སྐྱོང་ཁུལ་གྱི་ས་ཁོངས་རྒྱ་ཆེ་བ་དང་ལོ་རྒྱུས་ཡུན་རིང་ལྡན་ཡོད་པ་མ་ཟད། ཡུལ་ལྗོངས་མཛེས་ལ་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པ་རེད། ལོ་ངོ60ནང་། བྱ་བཞག་ཁག་ཡུན་རིང་གོང་འཕེལ་བྱུང་ཡོད། སྤྱི་ལོ2013ལོར། ཁུལ་དེ་ཡོངས་ཀྱི་ཐོན་སྐྱེད་སྤྱིའི་རིན་ཐང་སྒོར་དུང་ཕྱུར་1017ཟིན་གྱི་ཡོད་པ་དང་། ས་གནས་ཀྱི་ནོར་སྲིད་ཡོང་འབབ་སྒོར་དུང་ཕྱུར93དང་ས་ཡ5ཟིན་གྱི་ཡོད་པ་རེད། ཞིང་འབྲོག་ལས་དེང་དུས་ཅན་དང་། བཟོ་ལས་ཅན་གསར་པར་མགྱོགས་མྱུར་སྐུལ་འདེད་བཏང་ཡོད་པ་དང་། གྲོང་ཁྱེར་དང་གྲོང་བརྡལ་ཅན་གསར་པ་གོང་འཕེལ་མྱུར་པོ་བྱུང་ཡོད། རིགས་ཅུང་ཆ་ཚང་བ་དང་གཞི་ཁྱོན་ངེས་ཅན་ལྡན་པའི་དེང་རབས་ཐོན་ལས་མ་ལག་བཙུགས་ཡོད་པས། དབུལ་ཕོངས་ཀྱི་རྗེས་ལུས་རྣམ་པར་རྩ་བའི་འགྱུར་བ་བྱུང་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག