མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཏང་ཡོན་གོང་འཕེལ་གཏོང་རྒྱུ་དེ་འབོར་ཚད་ཚོད་འཛིན་དང་སྤུས་ཚད་མཐོར་འདེགས་བྱེད་པའི་དུས་རིམ་གསར་པར་སླེབས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-09-16 10:58

ཀྲུང་གོའིོ་བོད་ཀྱི་དྲ་བའི་འཕྲིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་ཏང་ཡོན་དཔུང་ཁག་འཛུགས་སྐྱོང་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་། བཀོད་སྒྲིག་གསར་པ་དང་བླང་བྱ་གསར་པ་རབ་དང་རིམ་པ་བཏོན་ཡོད། སྤྱི་ཟླ་5ཚེས་28ཉིན། ཀྲུང་དབྱང་གཞུང་ལས་ཐིང་གིས་འགྲེམ་སྤེལ་བྱས་པའི་ཀྲུང་གོའི་གུང་ཁྲན་ཏང་གི་ཏང་ཡོན་གོང་འཕེལ་གཏོང་བའི་ལས་ཀའི་ཞིབ་སྲོལ་ཞེས་པ་བཏོན་ནས། ཏང་ཡོན་གོང་འཕེལ་ལས་དོན་གྱི་རྩ་དོན་དང་ཚད་གཞི། བརྒྱུད་རིམ། འགོ་ཁྲིད་ཀྱི་འགན་འཁྲི། ལས་ཀའི་སྒྲིག་ཁྲིམས་སོགས་ཀྱི་ཐད་གཏན་འབེབས་གསལ་པོ་གནང་ནས། དུས་བབ་གསར་པའི་འོག་ཏང་ཡོན་གོང་འཕེལ་ལས་དོན་ཡག་པོ་སྒྲུབ་ཆེད་གལ་ཆེའི་བརྩི་སྲུང་ཞུ་བའི་ནང་དོན་ཁ་གསལ་བཏོན་ཡོད། ལོ་གཅིག་ལྷག་ཙམ་རིང་། ས་ཁུལ་ཁག་དང་ཚན་པ་ཁག་གིས་ཀྲུང་དབྱང་གི་བཀོད་ཇུས་བཀོད་སྒྲིག་ལག་བསྟར་མཐའ་གཅིག་ཏུ་བྱས་པ་དང་། སྤྱི་འབོར་ཚོད་འཛིན་དང་གྲུབ་ཆ་ལེགས་འགྱུར། སྤུས་ཚད་མཐོར་འདེགས། ནུས་པ་འདོན་སྤེལ་བཅས་ཀྱི་སྤྱིའི་བླང་བྱར་གཞིགས་ཏེ། འབད་བརྩོན་ལྷོད་མེད་ངང་ཏང་ཡོན་གོང་འཕེལ་ལས་དོན་ཡག་པོ་སྒྲུབས་པས། གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་པ་དང་། ཏང་ཡོན་གོང་འཕེལ་ལས་དོན་དེ་དུས་རིམ་གསར་པར་སླེབས་ཡོད་པ་རེད།

རིམ་ཁག་ཏང་རྩ་འཛུགས་ཀྱིས་འབྱུང་རྩ་འཛུགས་སྐྲུན་ལ་དམ་འཛིན་དང་། མཐོང་རྒྱ་ཆེ་རུ་གཏོང་བ། ཐབས་ལམ་རྒྱ་ཆེར་གཏོང་བ་བཅས་བྱས་ཏེ། སྔོན་ཐོན་པ་དང་ཕུལ་བྱུང་ཤེས་ལྡན་པ་ཁག་ཅིག་ཏང་རྩ་འཛུགས་ཀྱི་མཐའ་འཁོར་དུ་གཅིག་བསྡུས་བྱུང་བ་དང་། སྤྱི་ལོ་2013ལོའི་ལོ་མཇུག་ཏུ་རྒྱལ་ཡོངས་སུ་ཏང་ནང་ཞུགས་པའི་ཞུ་ཡིག་སྐྱེལ་མཁན་མི་གྲངས་བྱེ་བ་གཉིས་དང་ས་ཡ་གཅིག་དང་དྲུག་འབུམ་དྲུག་ཁྲི་ཆིག་སྟོང་དང་། ཏང་ནང་ཞུགས་མཁན་ཧུར་བརྩོན་པ་བྱེ་བ་གཅིག་དང་ལྔ་འབུམ་ཆིག་ཁྲི་སུམ་སྟོང་བྱུང་ཡོད་པ་རེད།

ས་ཁུལ་ཁག་དང་ཚན་པ་ཁག་གིས་གཙོ་གནད་དུ་གཞོན་ནུ་བཟོ་པ་དང་། ཞིང་པ། ཤེས་ཡོན་ཅན་བཅས་ཀྱི་ནང་ཏང་ཡོན་གོང་འཕེལ་གཏོང་བའི་ལས་དོན་སྤེལ་རྒྱུར་མཐོང་ཆེན་བྱས་པ་དང་། ཏང་ཡོན་དཔུང་ཁག་གི་གྲུབ་ཆ་དང་ཁྱབ་ཚུལ་ལེགས་འགྱུར་བྱས་ཡོད། བསྡོམས་བརྩིས་གྲངས་གཞི་ལས་མངོན་པར། རྒྱལ་ཡོངས་ཀྱི་ཏང་ཡོན་དཔུང་ཁག་གྲུབ་ཆ་སྔར་བས་ལེགས་བཅོས་བྱུང་བ་དང་། གཞི་རིམ་གྱི་འཐབ་ས་དང་པོའི་ཏང་གི་སྟོབས་ཤུགས་ཟམ་མི་ཆད་པར་ཤུགས་ཆེར་སོང་ཡོད་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག