མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

དམངས་སྲིད་པུའུ་དང་སྤྱི་བདེ་པུས་དགུ་དགུའི་མེ་ཟོན་བདེ་འཇགས་བྱ་སྤྱོད་བཀོད་སྒྲིག་བྱས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-09-16 10:58

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དམངས་སྲིད་པུའུ་དང་སྤྱི་བདེ་པུས་ཉིན་ཤས་གོང་མཉམ་འབྲེལ་བརྡ་ཐོ་བཏང་ནས། སྤྱི་ཟླ9ཚེས20ཉིན་ནས་སྤྱི་ཟླ11ཚེས1ཉིན་བར། ཁེར་རྐྱང་ལུས་པའི་རྒན་རྒོན་གྱིས་གཙོ་བོ་བྱས་པའི་ཁྱིམ་ཚང་དང་རིགས་ཁག་གི་རྒན་གསོའི་ལས་ཁུངས་ལ་དམིགས་ཏེ། རྒྱལ་ཡོངས་སུ་མེ་ཟོན་ཤེས་བྱ་བརྒྱུད་བསྒྲགས་དང་རྒན་རྒོན་བདེ་གནས་ལ་ཐུགས་ཁུར་བྱ་རྒྱུས་བརྗོད་དོན་གཙོ་བོ་བྱས་པའི་དགུ་དགུའི་མེ་ཟོན་བདེ་འཇགས་བྱ་སྤྱོད་སྤེལ་ཡོད་པ་རེད། དེ་ནི་རང་རྒྱལ་དུ་བདེ་འཇགས་ཀྱི་བརྗོད་དོན་གཙོ་བོ་བྱས་པའི་དགུ་པའི་ཚེས་དགུའི་དུས་ཆེན་ཀྱི་བྱེད་སྒོ་སྤེལ་ཐེངས་དང་པོ་ཡིན་པ་རེད།

མིག་སྔར། རང་རྒྱལ་གྱི་ལོ60ཡན་གྱི་རྒན་རྒོན་མི་འབོར་གྱིས་རྒྱལ་ཡོངས་ཀྱི་མི་གྲངས་བསྡོམས་འབོར་གྱི་བརྒྱ་ཆ14.9ཟིན་པ་དང་། རྒན་རྒོན་མི་ཚོགས་ཀྱི་མེ་ཟོན་འདུ་ཤེས་དང་མེ་སྐྱོན་ཁྲོད་རང་སྐྱོབ་བྱེད་པའི་ནུས་པ་ཅུང་ཞན་པའི་དབང་གིས། ལོ་ལྟར་མེ་སྐྱོན་ཁྲོད་ཤི་རྨས་བྱུང་བའི་རྒན་རྒོན་གྱི་མི་གྲངས་མང་དུ་འགྲོ་གི་ཡོད། རང་རྒྱལ་གྱི་མི་འབོར་རྒན་རྒོན་ཅན་དུ་འགྱུར་ཚད་མགྱོགས་པ་དང་། ལྷག་དོན་དུ་གྲོང་ཁྱེར་དང་གྲོང་གསེབ་ཏུ་ཁེར་རྐྱང་ལུས་པའི་རྒན་རྒོན་གྱི་ཁྱིམ་ཚང་མང་དུ་འགྲོ་བ། རྒན་རྒོན་རྣམས་རྒན་གསོ་ཁང་དུ་སྡོད་ཚད་མང་དུ་སོང་བ་བཅས་དང་བསྟུན། མེ་ཟོན་བདེ་འཇགས་ཀྱི་དུས་བབ་ཉིན་རེ་བཞིན་ཛ་དྲག་ཏུ་འགྲོ་བཞིན་ཡོད་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག