མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་མཱ་ལོས་ལ་ཕེབས་ཏེ་མཱར་ཏི་ཝེ་རྒྱལ་ཁབ་ལ་རྒྱལ་དོན་འཚམས་འདྲི་མཛད་མགོ་བརྩམས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-09-15 10:40

ཟླ་དགུ་བའི་ཚེས་བཅུ་བཞི་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་མཱ་ལོས་ལ་ཕེབས་ཏེ། མཱར་ཏི་ཝེ་རྒྱལ་ཁབ་ལ་རྒྱལ་དོན་འཚམས་འདྲི་གནང་མགོ་བརྩམས། མཱར་ཏི་ཝེ་རྒྱལ་ཁབ་ཀྱི་ཙུང་ཐུང་ཡ་མེན་བཟའ་ཟླ་གཉིས་ཆེད་དུ་གནམ་གྲུ་ཐང་དུ་སོང་སྟེ་ཀྲུའུ་ཞི་ཞི་ཅིན་ཕེན་དང་ལྕམ་མོ་ཕུན་ལིས་ཡོན་གཉིས་ལ་བསུ་བ་ཞུས།
ཟླ་དགུ་བའི་ཚེས་བཅུ་བཞི་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་མཱ་ལོས་ལ་ཕེབས་ཏེ། མཱར་ཏི་ཝེ་རྒྱལ་ཁབ་ལ་རྒྱལ་དོན་འཚམས་འདྲི་གནང་མགོ་བརྩམས། མཱར་ཏི་ཝེ་རྒྱལ་ཁབ་ཀྱི་ཙུང་ཐུང་ཡ་མེན་བཟའ་ཟླ་གཉིས་ཆེད་དུ་གནམ་གྲུ་ཐང་དུ་སོང་སྟེ་ཀྲུའུ་ཞི་ཞི་ཅིན་ཕེན་དང་ལྕམ་མོ་ཕུན་ལིས་ཡོན་གཉིས་ལ་བསུ་བ་ཞུས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་ཚེས་བཅུ་བཞི་ཉིན་མཱ་ལོས་ལ་ཕེབས་ཏེ་མཱར་ཏི་ཝེ་རྒྱལ་ཁབ་ལ་རྒྱལ་དོན་འཚམས་འདྲི་གནང་མགོ་བརྩམས།

ཚེས་བཅུ་བཞི་ཉིན་གྱི་ཕྱི་དྲོའི་དུས་ཚོད་ལྔ་དང་སྐར་མ་སུམ་ཅུ་ཡས་མས་སུ། ཀྲུའུ་ཞི་ཞི་ཅིན་ཕེན་བཞུགས་པའི་ཆེད་བཏང་གནམ་གྲུ་མཱ་ལོས་རྒྱལ་སྤྱིའི་གནམ་གྲུ་ཐང་དུ་བསླེབས། མཱར་ཏི་ཝེ་རྒྱལ་ཁབ་ཀྱི་ཙུང་ཐུང་ཡ་མེན་བཟའ་ཟླ་གཉིས་ཆེད་དུ་གནམ་གྲུ་ཐང་དུ་སོང་སྟེ་ཀྲུའུ་ཞི་ཞི་ཅིན་ཕེན་དང་ལྕམ་མོ་ཕུན་ལིས་ཡོན་གཉིས་ལ་བསུ་བ་ཞུས།

ཡ་མེན་གྱིས་མཱར་ཏི་ཝེ་སྲིད་གཞུང་དང་མི་དམངས་ཀྱི་ཚབ་བྱས་ཏེ་ཀྲུའུ་ཞི་ཞི་ཅིན་ཕེན་འཚམས་འདྲིར་ཡོང་བར་དགའ་བསུ་ཞུས། ཡ་མེན་གྱིས་བཤད་རྒྱུར། ཀྲུའུ་ཞི་ཞི་ཅིན་ཕེན་འཚམས་འདྲིར་ཕེབས་པ་ནི་ཀྲུང་གོ་དང་མཱར་ཏི་ཝེ་བར་འབྲེལ་བ་བཙུགས་ནས་ལོ་འཁོར་ཞེ་གཉིས་ལོན་པའི་རིང་ལ་ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཐོག་དང་པོར་མཱར་ཏི་ཝེ་ལ་འཚམས་འདྲིར་ཕེབས་པ་ཡིན་ལ། མཱར་ཏི་ཝེ་མི་དམངས་ཀྱིས་དེར་རེ་སྒུག་བྱས་ཡོད་ཟེར།

ཞི་ཅིན་ཕེན་གྱིས་ཐོག་མར་མཱར་ཏི་ཝེ་ཡི་མི་དམངས་ལ་ཀྲུང་གོའི་མི་དམངས་ཀྱི་ལྷག་བསམ་རྣམ་དག་གིས་འཚམས་འདྲི་དང་སྨོན་འདུན་བཟང་བོ་ཞུས། ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ཀྲུང་གོ་དང་མཱར་ཏི་ཝེ་བར་འབྲེལ་བ་བཙུགས་ནས་ལོ་འཁོར་ཞེ་གཉིས་ལོན་པའི་རིང་ལ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་བདེ་བླག་དང་བརྟན་འཇགས་སྒོས་འཕེལ་རྒྱས་སུ་སོང་སྟེ། རྒྱལ་ཁབ་ཆེ་ཆུང་འདྲ་མཉམ་དང་འཆམ་མཐུན་མཉམ་གནས་ཀྱི་མིག་དཔེ་ལྟ་བུར་གྱུར་ཡོད། མཱར་ཏི་ཝེ་ནི་གནའ་བོའི་མཚོ་ཐོག་དར་གོས་ཚོང་ལམ་གྱི་ས་ཚིགས་གཙོ་བོ་ཞིག་ཡིན་ལ། ཀྲུང་གོའི་བར་ལོ་རྒྱུས་ཟབ་མོ་ལྡན། ཀྲུང་གོ་ཕྱོགས་ཀྱིས་མཱར་ཏི་ཝེ་དུས་རབས་ཉེར་གཅིག་པའི་མཚོ་ཐོག་དར་གོས་ཚོང་ལམ་འཛུགས་སྐྲུན་ཁྲོད་ཞུགས་པར་ཧུར་ཐག་སྒོས་དགའ་བསུ་ཞུ་བཞིན་ཡོད་པར་མ་ཟད། མཱར་ཏི་ཝེ་ཕྱོགས་དང་མཉམ་ལས་དམ་པོ་དང་སྐྱིད་སྡུག་མཉམ་མྱོང་བྱས་ཏེ། སྲོལ་རྒྱུན་མཛའ་བཤེས་ཇེ་བརྟན་ཏུ་གཏོང་བ་དང་། གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་སྤེལ་ཏེ། ལག་གདང་སྦྲེལ་ནས་མཉམ་དུ་འཕེལ་རྒྱས་སུ་གཏོང་འདོད་ཡོད་ཟེར།

ཝང་ཧུའུ་ཉིན་དང་ལིས་ཀྲན་ཧྲུའུ། དབྱང་ཅེ་ཁྲི་སོགས་ཀྲུའུ་ཞི་ཞི་ཅིན་ཕེན་དང་མཉམ་དུ་མཱ་ལོས་ལ་ཐོན།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག