མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་ཡོངས་སྲིད་གྲོས་ཀྱིས་མི་རིགས་ས་ཁུལ་གྱི་གྲོང་ཁྱེར་ཅན་དང་གྲོང་རྡལ་ཅན་དུ་འགྱུར་བའི་འཕེལ་རིམ་ནང་གི་ལས་ཞུགས་གནད་དོན་ཐད་བསམ་འཆར་བཏོན་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-09-15 10:23

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་སྲིད་གྲོས་ཀྱིས་སྤྱི་ཚེས་11ཉིན་གྱི་ཕྱི་དྲོ་པེ་ཅིན་དུ་གཟའ་འཁོར་གཉིས་རེའི་བཞུགས་མོལ་ཚོགས་འདུ་སྐོང་འཚོགས་བྱས་ནས། མི་རིགས་ས་ཁུལ་གྱི་གྲོང་ཁྱེར་ཅན་དང་གྲོང་རྡལ་ཅན་དུ་འགྱུར་བའི་འཕེལ་རིམ་ནང་གི་ལས་ཞུགས་གནད་དོན་ཐད་བསམ་འཆར་དང་གྲོས་འགོ་བཏོན་པ་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲེན་ཧྲེང་གིས་གྲོས་ཚོགས་གཙོ་སྐྱོང་གནང་བ་མ་ཟད་གསུང་བཤད་གནང་བ་རེད།

ཨུ་ཡོན་ཚོས་མི་རིགས་ས་ཁུལ་གྱི་ལས་ཞུགས་གནད་དོན་ཐག་གཅོད་བྱེད་པར། དང་ཐོག་འགོ་ཁྲིད་ལ་མཐོང་ཆེན་བྱེད་དགོས་པ་དང་། ངེས་པར་དུ་ལས་ཞུགས་དེ་སྔར་བས་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས། མི་དམངས་ཀྱི་འཚོ་བའི་ཆུ་ཚད་གོང་མཐོར་གཏོང་རྒྱུ་དེ་ས་གནས་གོང་འཕེལ་ལ་ཚད་ལེན་བྱེད་པའི་གལ་ཆེའི་ཚད་གཞིར་འཛིན་དགོས། རང་ས་ཁུལ་གྱི་དོན་དངོས་དང་འཚམ་ལ་ལག་བསྟར་ཆོག་པའི་ལས་མི་སྐོང་བསྡུའི་ལས་ཞུགས་སྲིད་ཇུས་བཟོ་དགོས་པ་མ་ཟད། དམིགས་བསལ་གྱི་རོགས་རམ་བྱ་ཐབས་འཛིན་དགོས། མི་རིགས་ས་ཁུལ་ནས་དཔལ་འབྱོར་སྤྱི་འབོར་མང་དུ་གཏོང་བ་དང་། ཐོན་ལས་གྲུབ་ཆ་ལེགས་སྒྲིག་དང་ལེགས་སྒྱུར་བྱེད་པ། ས་གནས་དེ་གའི་ཐོན་ཁུངས་དང་འཚམ་པའི་ཐོན་ལས་གོང་འཕེལ་གཏོང་བ། མི་རིགས་ས་ཁུལ་གྱི་ལས་ཞུགས་འགུག་འཐེན་ནུས་པ་སྔར་བས་ཆེ་རུ་གཏོང་དགོས། མི་རིགས་ས་ཁུལ་གྱི་སྐད་གཉིས་སློབ་གསོའི་ལས་དོན་ལ་མཐོང་ཆེན་དང་། མི་རིགས་ས་ཁུལ་གྱི་སློབ་གླིང་སློབ་གསོའི་བསྒྱུར་བཅོས་བྱེད་མགྱོགས་སུ་གཏོང་བ། ལས་ཞུགས་ཕྱོགས་སྟོན་ལ་བརྩིས་ནས་མཐོ་རིམ་སློབ་གྲྭའི་ཆེད་ལས་བཀོད་སྒྲིག་དང་གསོ་སྐྱོང་རྣམ་པ་ལེགས་སྒྲིག་བྱེད་པ། སློབ་མའི་ལས་ཞུགས་ལྟ་བར་འགྱུར་ལྡོག་ཡོང་བར་སྐུལ་འདེད་གཏོང་བ། ཁྲོམ་རའི་དགོས་མཁོ་དང་འཚམ་པའི་ལས་རིགས་སློབ་གསོ་གསོ་སྦྱོང་གོང་འཕེལ་ཤུགས་ཆེན་གཏོང་བ་དང་། ངལ་རྩོལ་པའི་ལས་ཞུགས་རྩལ་ནུས་མཐོ་རུ་གཏོང་དགོས། གྲོང་ཁྱེར་ནང་ཡོང་མཁན་ཞིང་འབྲོག་མང་ཚོགས་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་ཡུལ་མིར་འདྲ་མཉམ་ངང་ལས་ཞུགས་དང་སློབ་གཉེར། སྤྱི་ཚོགས་འགན་སྲུང་སོགས་གཞི་རྩའི་ཁེ་དབང་མཉམ་སྤྱོད་ཐུབ་པར་སྐུལ་འདེད་བཏང་ནས། གྲོང་ཁྱེར་དང་གྲོང་རྡལ་གྱི་གཞི་རྩའི་སྤྱི་པའི་ཞབས་ཞུ་དེ་རྒྱུན་སྡོད་མི་འབོར་ལ་རིམ་བཞིན་ཁྱབ་ཐུབ་པ་བྱེད་དགོས་པ་བཅས་ཀྱི་གྲོས་འགོ་བཏོན་འདུག

རྒྱལ་ཡོངས་སྲིད་གྲོས་ཀྱིས་མི་རིགས་ས་ཁུལ་གྱི་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་བའི་འཕེལ་རིམ་ནང་ལས་ཞུགས་གནད་དོན་ལ་དོ་ཁུར་ཧ་ཅང་ཆེན་པོ་གནང་བ་དང་། དེའི་གོང་དུ་རྒྱལ་ཡོངས་སྲིད་གྲོས་ཀྱི་མི་རིགས་དང་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་མི་རིགས་ས་ཁུལ་ཁག་ཅིག་ཏུ་བསྐྱོད་ནས་ཆེད་དོན་བརྟག་ཞིབ་གནང་ཡོད་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག