མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་མཱར་ཏི་ཝེ་རྒྱལ་ཁབ་ཀྱི་སྨྱན་བྱད་གཙོ་བོར་ཁ་ཡིག་ལ་རྣམ་དག་གི་གྲོགས་པོ་དང་འཕེལ་རྒྱས་ཀྱི་གྲོགས་པོ་ཞེས་པའི་མིང་བཀོད་པའི་རྩོམ་ཡིག་ཅིག་སྤེལ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-09-15 10:23

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དགུ་བའི་ཚེས་བཅུ་བཞི་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་མཱར་ཏེ་ཝུ་རྒྱལ་ཁབ་ཀྱི་སྨྱན་བྱད་གཙོ་བོར་ཁ་ཡིག་ལ་རྣམ་དག་གི་གྲོགས་པོ་དང་འཕེལ་རྒྱས་ཀྱི་གྲོགས་པོ་ཞེས་པའི་མིང་བཀོད་པའི་རྩོམ་ཡིག་ཅིག་སྤེལ།

ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ཀྲུང་གོ་དང་མཱར་ཏི་ཝེ་བར་འབྲེལ་བ་བཙུགས་ནས་ལོ་འཁོར་བཞི་བཅུ་ལྷག་གི་རིང་ལ། ཕྱོགས་གཉིས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་ཕན་ཚུན་ལ་བརྩི་འཇོག་དང་ཡིད་ཆེས། རྒྱབ་སྐྱོར་བཅས་བྱས་པ་དང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ་རྒྱལ་ཁབ་ཆེ་ཆུང་གང་རུང་ལ་འདྲ་མཉམ་གྱི་ལྟ་ཚུལ་འཛིན་ཞིང་མཛའ་མཐུན་མཉམ་གནས་བྱེད་པ་དང་། གཉིས་ཕན་མཉམ་ལས་བྱེད་པ་བཅས་ཀྱི་དཔེ་སྟོན་དུ་གྱུར་ཡོད། ཉེ་བའི་ལོ་འགའི་རིང་ལ། ཀྲུང་གོ་དང་མཱར་ཏི་ཝེ་རྒྱལ་ཁབ་ཀྱི་ཁྱབ་ཁོངས་སོ་སོའི་འགྲོ་འོང་དང་བརྗེ་རེས་ཉིན་རེར་ཇེ་མང་དུ་སོང་བ་དང་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་བཞིན་ཡོད། དོན་དངོས་ལས་ཀྲུང་གོ་དང་མཱར་ཏི་ཝེ་རྒྱལ་ཁབ་གཉིས་ཀ་ཕན་ཚུན་ལ་ཡིད་ཆེས་དང་རོགས་སྐྱོར་བྱེད་པའི་གྲོགས་པོ་རུ་གྱུར་བར་མ་ཟད་མཉམ་དུ་དར་རྒྱས་གོང་འཕེལ་དུ་འགྲོ་བའི་མཉམ་ལས་ཀྱི་གྲོགས་པོ་བཟང་བོར་གྱུར་ཡོད་པ་བདེན་དཔང་བྱས་ཡོད་ཟེར།

ཞི་ཅིན་ཕེན་གྱིས་གསུངས་རྒྱུར། དེང་སྐབས་ཀྲུང་གོ་དང་མཱར་ཏི་ཝེ་བར་གྱི་འབྲེལ་བ་དེ་སྔར་ལས་འཕེལ་རྒྱས་སུ་འགྲོ་བའི་དུས་སྐབས་གསར་བར་གནས་ཡོད་པ་དང་འཕེལ་རྒྱས་ཀྱི་གོ་སྐབས་གལ་ཆེན་དང་འཕྲད་ཡོད། ང་ཚོས་གོ་སྐབས་དམ་འཛིན་བྱས་ཏེ་བབ་བསྟུན་མདུན་སྐྱོད་དང་སྲོལ་རྒྱུན་མཛའ་བཤེས་སྲ་བརྟན་དུ་གཏོང་བ་དང་ཆབ་སྲིད་ཐད་ཀྱི་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་གཏོང་དགོས་ལ། དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་སྣ་མང་མཐུན་སྦྱོར་ལ་ཤུགས་སྣོན་དགོས། ཀྲུང་གོ་ཕྱོགས་ཀྱིས་སྔོན་ཆད་དང་འདྲ་བར་མཱར་ཏི་ཝེ་མི་དམངས་ཀྱིས་རྒྱལ་ཁབ་རང་གི་གནས་ཚུལ་ལྟར་ཆབ་སྲིད་ཀྱི་ལམ་ལུགས་དང་འཕེལ་རྒྱས་ཀྱི་བགྲོད་ལམ་བདམས་པར་བརྩི་འཇོག་བྱེད་ངེས་ཡིན་ཟེར།  ། 

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག