མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཤིན་ཅང་ལྷོ་མའི་ས་ཁུལ་བཞིའི་སྤྱིར་བཏང་མཐོ་རིམ་སློབ་འབྲིང་གི་སློབ་ཡོན་ཆག་ཡང་བཏང་བ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-09-15 10:23

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ད་ལོའི་སྟོན་དུས་སློབ་འགོ་ཚུགས་ཚུན། ཤིན་ཅང་ལྷོ་རྒྱུད་ཀྱི་ཨ་ཁེ་སུ་ས་ཁུལ་གྱི་སྤྱིར་བཏང་མཐོ་རིམ་སློབ་འབྲིང་གི་སློབ་མ་ཚོར་རྒྱལ་ཁབ་ཀྱི་སློབ་རོགས་སྲིད་ཇུས་ལོངས་སྤྱོད་ཐུབ་པ་དང་དེའི་ནང་སློབ་ཡོན་དང་སློབ་དེབ་རིན་པ་སོགས་འགྲོ་གྲོན་ཚང་མ་ཆག་ཡང་བཏང་བ་ཚུད་ཡོད། ད་བར། ཤིན་ཅང་ལྷོ་མའི་ས་ཁུལ་གྱི་ཁེ་ཧྲེ་ས་ཁུལ་དང་ཧོ་ཐན་ས་ཁུལ། ཁེ་ཙེ་ལེ་སུ་ཁོར་ཁེ་ཙེ་རང་སྐྱོང་ཁུལ། དེ་བཞིན་ཨ་ཁེ་སུ་ས་ཁུལ་བཅས་ཀྱི་སྤྱིར་བཏང་མཐོ་རིམ་སློབ་འབྲིང་གི་སློབ་ཡོན་ཚང་མ་ཆག་ཡང་བཏང་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ཤིན་ཅང་ལྷོ་མའི་ས་ཁུལ་བཞིའི་སྤྱིར་བཏང་མཐོ་རིམ་སློབ་འབྲིང་གི་ཞག་སྡོད་སློབ་མའི་རོགས་སྐྱོབ་སྲིད་ཇུས་ཀྱི་ཞིབ་ཕྲའི་ནང་དོན་ནི། ཤིན་ཅང་ལྷོ་མའི་ས་ཁུལ་བཞིའི་སྤྱིར་བཏང་མཐོ་རིམ་སློབ་འབྲིང་གི་ཞག་སྡོད་སློབ་མའི་སློབ་ཡོན་ཆག་ཡང་གཏོང་རྒྱུ་དང་། ཤིན་ཅང་ནོར་སྲིད་ནས་སློབ་མ་རེར་སློབ་དུས་རེར་སྒོར་600ཚད་གཞི་བྱས་ནས་ཁ་གསབ་སྤྲད་དེ། སློབ་གྲྭ་རྒྱུན་གཏན་འཁོར་རྒྱུགས་ཐུབ་རྒྱུ་འགན་ལེན་བྱ་རྒྱུ་ཡིན་པ་དང་། ཤིན་ཅང་ལྷོ་མའི་ས་ཁུལ་བཞིའི་སྤྱིར་བཏང་མཐོ་རིམ་སློབ་འབྲིང་གི་ཞག་སྡོད་སློབ་མར་སློབ་དེབ་རིན་པ་ཆག་ཡང་གཏོང་རྒྱུ་དང་། སློབ་དེབ་རིན་པ་དེ་རང་སྐྱོང་ལྗོངས་ནས་གཅིག་འགྱུར་ཐོག་ཉོ་སྒྲུབ་དང་གཤམ་སྤྲོད་བྱ་རྒྱུ། ས་ཁུལ་དང་རྫོང་། གྲོང་ཁྱེར་བཅས་ནོར་སྲིད་ནས་རང་ས་ཁུལ་གྱི་སྤྱིར་བཏང་མཐོ་རིམ་སློབ་འབྲིང་གི་ཞག་སྡོད་སློབ་མའི་ཞག་སྡོད་དོ་དམ་དང་ལས་གཉེར་མ་གནས་གཏོང་རྒྱུ་བཅས་ཚུད་ཡིན་པ་རེད། གཞན་ཡང་ཤིན་ཅང་ལྷོ་མའི་ས་ཁུལ་བཞིའི་སྤྱིར་བཏང་མཐོ་རིམ་སློབ་འབྲིང་གི་ཞག་སྡོད་སློབ་མར་མུ་མཐུད་ནས་རྒྱལ་ཁབ་ཀྱི་སློབ་རོགས་བྱ་དགའི་མ་དངུལ་སྲིད་ཇུས་ལག་བསྟར་བྱ་རྒྱུ་ཡིན་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག