མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཅིར་ཅི་སི་སི་ཐན་གྱི་ཙུང་ཐུང་ཨ་ཐ་མུའུ་པཱ་ཡའེ་ཧྥུའུ་ལ་མཇལ་འཕྲད་གནང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-09-14 11:14

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ས་དེའི་དུས་ཚོད་ཚེས་བཅུ་གཉིས་ཉིན་ཏུའུ་ཧྲང་པའེ་ནས་ཅིར་ཅི་སི་སི་ཐན་གྱི་ཙུང་ཐུང་ཨ་ཐ་མུའུ་པཱ་ཡའེ་ཧྥུའུ་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ས་དེའི་དུས་ཚོད་ཚེས་བཅུ་གཉིས་ཉིན་ཏུའུ་ཧྲང་པའེ་ནས་ཅིར་ཅི་སི་སི་ཐན་གྱི་ཙུང་ཐུང་ཨ་ཐ་མུའུ་པཱ་ཡའེ་ཧྥུའུ་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕེན་གྱིས་བསྟན་དོན། ཀྲུང་གོ་དང་ཅིར་ཅི་སི་སི་ཐན་གཉིས་ནི་ཕན་ཚུན་ཡིད་ཆེས་བྱེད་པའི་ལྷག་བསམ་རྣམ་དག་གི་ཁྱིམ་མཚེས་བཟང་བོ་དང་། གྲོགས་པོ་བཟང་བོ་ཡིན། ད་ལོའི་ཟླ་ལྔ་བར་ཨེ་ཤ་ཡའི་ཕན་ཚུན་རོགས་ལས་དང་ཡིད་ཆེས་བྱེད་ཐབས་མགོ་གཙོའི་གྲོས་ཚོགས་ཀྱི་སྐབས་སུ་ངས་ཙུང་ཐུང་ཨ་ཐ་མུའུ་པཱ་ཡའེ་ཧྥུའུ་བར་ཐུན་མོང་གི་ལྟ་བ་གསར་བ་རབ་དང་རིམ་པ་བཀོད་དེ་གྲུབ་འབྲས་མངོན་གསལ་བླངས། ང་ཚོས་ཅིར་ཅི་སི་སི་ཐན་ཕྱོགས་དང་མཉམ་དུ་སྲོལ་རྒྱུན་གྱི་མཛའ་བཤེས་དར་སྤེལ་བྱེད་པ་དང་། གཉིས་ཕན་མཉམ་ལས་བྱ་བ་རྒྱ་བསྐྱེད་དེ། མཉམ་དུ་སྐྱེ་སྟོབས་དང་གསོན་ཤུགས་ལྡན་པའི་ཀྲུང་གོ་དང་ཅིར་ཅི་སི་སི་ཐན་གྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་འཛུགས་འདོད་ཡོད་ཟེར།

ཞི་ཅིན་ཕེན་གྱིས་ནན་གྱིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་གང་རུང་གིས་ཁ་གཡར་ས་གང་རུང་བཙལ་ནས་ཨེ་ཤ་ཡ་དབུས་མའི་རྒྱལ་ཁབ་དག་གི་ནང་སྲིད་ལ་ཐེ་གཏོགས་བྱེད་པར་བློ་ཐག་རྦད་ཆོད་ཀྱིས་ངོ་རྒོལ་བྱས་ནས། ཅིར་ཅི་སི་སི་ཐན་མི་དམངས་རང་གིས་བདམས་པའི་འཕེལ་རྒྱས་ཀྱི་བགྲོད་ལམ་ལ་རྒྱབ་སྐྱོར་ཆེན་པོ་བྱེད་ངེས་ཡིན་ལ། ཀྲུང་གོ་ཕྱོགས་ཀྱིས་ཅིར་ཅི་སི་སི་ཐན་དང་མཉམ་དུ་མཐའ་མཚམས་ཀྱི་དོ་དམ་ཚོད་འཛིན་དང་། དྲ་རྒྱའི་འཇིགས་སྐུལ་ལ་ངོ་རྒོལ་སོགས་ཐད་ཀྱི་མཉམ་ལས་ལ་ཤུགས་བསྣན་ནས། ཐུའུ་ཅེའོ་སི་ཐན་ཤར་མ་སོགས་ངན་ཤུགས་གསུམ་གྱི་སྡེ་ཁག་ལ་ཆམ་ཕབ་གཏོང་བའི་ཆེད་དོན་གྲོས་མོལ་དང་འཕྲལ་བསྟུན་ནང་རྐྱེན་འཛུགས་འདོད་ཡོད། ང་རང་རྒྱལ་ཁབ་གཉིས་བར་མ་འོངས་པའི་ལོ་བཅུའི་མཉམ་ལས་འཆར་གཞི་བཀོད་དེ། མཉམ་དུ་དར་གོས་ཚོང་ལམ་གྱི་དཔལ་འབྱོར་ས་རྒྱུད་བཙུགས་ཏེ་ཕྱོགས་གཉིས་ཀྱི་མཉམ་ལས་ལ་ཡར་སྐུལ་གཏོང་བར་འཐད་པ་ཡིན། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་དུ་རྒྱལ་ཁབ་རང་གི་ཁེ་ལས་ཀྱིས་ཅིར་ཅི་སི་སི་ཐན་ཕྱོགས་ལ་མ་དངུལ་གཏོང་བར་སྐུལ་ལྕག་བཏང་ནས། ས་དེའི་དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོ་ཇེ་བཟང་དུ་གཏོང་བར་ཡར་སྐུལ་བྱེད་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཅིར་ཅི་སི་སི་ཐན་དང་མཉམ་དུ་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་སྒྲིག་གཞིའི་འོག་འབྲེལ་མཐུད་མཐུན་སྦྱོར་བྱ་བར་ཤུགས་སྣོན་པ་དང་། ཁོངས་གཏོགས་རྒྱལ་ཁབ་བར་མཐུན་སྒྲིལ་མཉམ་ལས་བྱས་ནས། མཉམ་དུ་རང་རྩ་འཛུགས་འཕེལ་རྒྱས་སུ་གཏོང་བར་ཡར་སྐུལ་བྱེད་འདོད་ཡོད་ཟེར།

ཨ་ཐ་མུའུ་པཱ་ཡའེ་ཧྥུའུ་ཡིས་བསྟན་དོན། ཅིར་ཅི་སི་སི་ཐན་ཕྱོགས་ཀྱིས་ཀྲུང་གོས་མུ་མཐུད་དུ་ཅིར་ཅི་སི་སི་ཐན་རྒྱལ་ཁབ་ནང་ཁུལ་གྱི་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་ནས། ལྕགས་ལམ་དང་གཞུང་ལམ་གྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་དང་གློག་ཤུགས་ལས་གཞི་སྤེལ་བར་ཞུགས་རྒྱུའི་རེ་བ་བཅངས་ཡོད། ཅིར་ཅི་སི་སི་ཐན་ཕྱོགས་ཀྱིས་ཀྲུང་གོས་འཆམ་མཐུན་མཛའ་བཤེས་ཀྱི་མཐའ་མཚམས་ཕྱི་འབྲེལ་བྱ་བ་ལག་བསྟར་བྱས་ནས། ཀྲུང་གོ་དང་མཉམ་དུ་ཧྲང་ཧེ་མཉམ་ལས་རྩ་འཛུགས་སྤྱི་ཁོག་ནང་གི་མཉམ་ལས་ལ་ཤུགས་སྣོན་འདོད་ཡོད་ཟེར། ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག