མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཏུའུ་ཧྲང་པེད་མཐོ་རིམ་གྲོས་ཚོགས་སུ་ཞུགས་པར་མ་ཟད་གསུངས་བཤད་གལ་ཆེན་གནང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-09-14 11:14

ཟླ་དགུ་བའི་ཚེས་བཅུ་གཉིས་ཉིན་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཁོངས་གཏོགས་རྒྱལ་ཁབ་ཀྱི་མགོ་གཙོའི་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་བཅུ་བཞི་བ་དེ་ཐ་ཅི་ཁི་སི་ཐན་གྱི་རྒྱལ་ས་ཏུའུ་ཧྲང་པེད་ནས་དངོས་སུ་བསྡུས། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྲོས་ཚོགས་སུ་ཞུགས་པར་མ་ཟད་གསུངས་བཤད་གལ་ཆེན་གནང་།
ཟླ་དགུ་བའི་ཚེས་བཅུ་གཉིས་ཉིན་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཁོངས་གཏོགས་རྒྱལ་ཁབ་ཀྱི་མགོ་གཙོའི་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་བཅུ་བཞི་བ་དེ་ཐ་ཅི་ཁི་སི་ཐན་གྱི་རྒྱལ་ས་ཏུའུ་ཧྲང་པེད་ནས་དངོས་སུ་བསྡུས། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྲོས་ཚོགས་སུ་ཞུགས་པར་མ་ཟད་གསུངས་བཤད་གལ་ཆེན་གནང་།
ཟླ་དགུ་བའི་ཚེས་བཅུ་གཉིས་ཉིན་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཁོངས་གཏོགས་རྒྱལ་ཁབ་ཀྱི་མགོ་གཙོའི་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་བཅུ་བཞི་བ་དེ་ཐ་ཅི་ཁི་སི་ཐན་གྱི་རྒྱལ་ས་ཏུའུ་ཧྲང་པེད་ནས་དངོས་སུ་བསྡུས། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྲོས་ཚོགས་སུ་ཞུགས་པར་མ་ཟད་གསུངས་བཤད་གལ་ཆེན་གནང་། འདི་ནི་ཁོངས་གཏོགས་རྒྱལ་ཁབ་གྱི་མགོ་གཙོས་མཉམ་དུ་བླངས་པའི་པར་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ས་དེའི་དུས་ཚོད་ཟླ་དགུ་བའི་ཚེས་བཅུ་གཉིས་ཉིན་གྱི་སྔ་དྲོར། ཧྲང་ཧེ་མཉམ་ལས་རྩ་འཛུགས་ཁོངས་གཏོགས་རྒྱལ་ཁབ་ཀྱི་མགོ་གཙོའི་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་བཅུ་བཞི་བ་དེ་ཐ་ཅི་ཁི་སི་ཐན་གྱི་རྒྱལ་ས་ཏུའུ་ཧྲང་པེད་ནས་དངོས་སུ་བསྡུས། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་དང་། ཧ་སག་སི་ཐན་གྱི་ཙུང་ཐུང་ན་ཀྲ་ཨར་པ་ཡེ་ཧྥུའུ། ཅི་ཨར་ཅི་སི་སི་ཐན་གྱི་ཙུང་ཐུང་ཨ་ཐ་མུའུ་པ་ཡེ་ཧྥུའུ། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན། ཐ་ཅི་ཁི་སི་ཐན་གྱི་ཙུང་ཐུང་ལ་ཧི་མོན། ཝུའུ་ཙི་པེད་ཁི་སི་ཐན་གྱི་ཙུང་ཐུང་ཁ་ལིས་མའོ་ཧྥུའུ་བཅས་གྲོས་ཚོགས་སུ་ཞུགས།

ཞི་ཅིན་ཕེན་གྱིས་གྲོས་ཚོགས་སྟེང་ཁ་ཡིག་ལ་སྟོབས་ཤུགས་གཅིག་ཏུ་བསྡུ་བ་དང་། མཉམ་ལས་དམ་པོ་བྱས་ནས་ཧྲང་ཧེ་མཉམ་ལས་རྩ་འཛུགས་སྔར་ལས་འཕེལ་རྒྱས་སུ་གཏོང་དགོས་ཞེས་པའི་གསུངས་བཤད་གནང་།

ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ན་ནིང་གི་མཐོ་རིམ་གྲོས་ཚོགས་བསྡུ་བའི་ཚུན་ལ། ཧྲང་ཧེ་མཉམ་ལས་རྩ་འཛུགས་ཁོངས་གཏོགས་རྒྱལ་ཁབ་ཀྱིས་ཡུན་རིང་གི་ཁྱིམ་མཚེས་མཛའ་མཐུན་མཉམ་ལས་ཀྱི་ཆིངས་ཡིག་ལག་བསྟར་རྩ་གནད་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། ས་ཁུལ་གྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པ་དང་། དངོས་གཉེར་མཉམ་ལས་ལ་སྐུལ་འདེད་གཏོང་བ། མི་གཞུང་བརྗེ་རེས་ལ་ཤུགས་སྣོན་པ་སོགས་ཐད་ནས་གྲུབ་འབྲས་གསར་བ་བླངས་པར་མ་ཟད། རྩ་འཛུགས་དེའི་སྟོབས་ཤུགས་ཆེན་པོ་ངོམ་ཡོད། དེང་སྐབས་འཛམ་གླིང་ལ་རྙོག་འཛིང་ཆེ་ཞིང་འགྱུར་ལྡོག་ཟབ་མོ་བྱུང་ཡོད་ལ། རྒྱལ་སྤྱིའི་གནས་བབ་སྤྱིར་བརྟན་འཇགས་ཡིན་པའི་ཕན་ཡོད་ཆ་རྐྱེན་ཇེ་མང་དུ་སོང་ཡོད་མོད། འོན་ཀྱང་འཛམ་གླིང་གི་གནས་བབ་སྔར་ལས་བརྟན་འཇགས་མིན། ད་ལྟ་ཧྲང་ཧེ་མཉམ་ལས་རྩ་འཛུགས་དེ་སྔར་སྲོལ་རྒྱུན་འཛིན་དང་མ་འོངས་གསར་གཏོད་ཀྱི་འཕེལ་རྒྱས་ཀྱི་དུས་སྐབས་གནད་འགག་ཅིག་ཏུ་གནས་ཡོད་པས། རྩ་འཛུགས་དེ་གཏན་ལ་ཕབ་པའི་འཕེལ་རྒྱས་ཀྱི་བགྲོད་ལམ་སྟེང་བསྐྱོད་པ་དང་། ཁོངས་གཏོགས་རྒྱལ་ཁབ་དང་ཁོངས་གཏོགས་རྒྱལ་ཁབ་ཀྱི་མི་དམངས་ལ་བདེ་སྐྱིད་སྔར་ལས་ཆེན་པོ་བསྐྲུན་རྒྱུ་ནི་ང་ཚོ་ཐུན་མོང་གི་འགན་འཁྲི་ཡིན་ཟེར།

ཞི་ཅིན་ཕེན་གྱིས་འདོད་བློ་བཞི་བཏོན་པ་སྟེ། གཅིག་ནི་ས་ཁུལ་གྱི་བདེ་འཇགས་དང་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་རྒྱུ་དེ་རང་གི་འགན་འཁྲི་ཞིག་ཏུ་བརྩི་བ་རྒྱུན་འཁྱོངས་བྱེད་དགོས་པ་དང་། གཉིས་ནི་མཉམ་དུ་དར་རྒྱས་གོང་འཕེལ་དུ་གཏོང་རྒྱུ་དེ་དམིགས་འབེན་ཏུ་བརྩི་བ་རྒྱུན་འཁྱོངས་བྱེད་དགོས། གསུམ་ནི་དམངས་སེམས་གཅིག་མཐུན་ཡོང་བར་སྐུལ་འདེད་གཏོང་རྒྱུ་དམིགས་འབེན་ཞིག་ཏུ་བརྩི་བ་རྒྱུན་འཁྱོངས་བྱེད་དགོས། བཞི་ནི་ཕྱི་ཕྱོགས་བར་གྱི་བརྗེ་རེས་དང་མཉམ་ལས་རྒྱ་བསྐྱེད་པ་དེ་སྟོབས་ཤུགས་ཤིག་ཏུ་བརྩི་བ་རྒྱུན་འཁྱོངས་བྱེད་དགོས་པ་བཅས་ཡིན་ཟེར།  ། 

གྲོས་ཚོགས་སུ་ཞུགས་པའི་ཕྱོགས་སོ་སོས་ད་རུང་ཨ་ཧྥུའུ་ཧན་དང་སི་རི་ཡ། ཝུའུ་ཁི་ལན་སོགས་གནད་དོན་ཐད་ནས་ལྟ་ཚུལ་བརྗེ་རེས་བྱས།  

གྲོས་ཚོགས་སྟེང2015ལོའི་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་མཐོ་རིམ་གྲོས་ཚོགས་ཨུ་རུ་སིའི་ཝུའུ་ཧྥ་ནས་བསྡུ་རྒྱུ་ཐག་བཅད།

ཁོངས་གཏོགས་རྒྱལ་ཁབ་ཀྱི་མགོ་གཙོས་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཁོངས་གཏོགས་རྒྱལ་ཁབ་ཀྱི་མགོ་གཙོའི་ཏུའུ་ཧྲང་པེད་སྒྲོག་གཏམ་བཀོད་པར་མ་ཟད། གྲོས་ཆོད་རབ་དང་རིམ་པར་ཆོག་མཆན་བཀོད་པ་དང་། མཉམ་དུ་གསར་འགོད་པར་ཐུག་འཕྲད་བྱས།

གྲོས་ཚོགས་སྟེང་ཧྲང་ཧེ་མཉམ་ལས་རྩ་འཛུགས་མགོ་གཙོའི་ལས་འཛིན་ལྷན་ཚོགས་གྲོས་ཚོགས་ཀྱི་གསར་འགྱུར་སྤྱི་སྒྲོག་སྤེལ།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག