མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་ཧ་སག་སི་ཐན་གྱི་ཙུང་ཐུང་ན་ཀྲ་ཨར་པ་ཡེ་ཧྥུའུ་ལ་མཇལ་འཕྲད་གནང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-09-14 11:14

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས་བཅུ་གཉིས་ཉིན་ཏུའུ་ཧྲང་པེ་ནས་ཧ་སག་སི་ཐན་གྱི་ཙུང་ཐུང་ན་ཀྲ་ཨར་པ་ཡེ་ཧྥུའུ་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས་བཅུ་གཉིས་ཉིན་ཏུའུ་ཧྲང་པེ་ནས་ཧ་སག་སི་ཐན་གྱི་ཙུང་ཐུང་ན་ཀྲ་ཨར་པ་ཡེ་ཧྥུའུ་ལ་མཇལ་འཕྲད་གནང་།

མཇལ་འཕྲད་གནང་སྐབས་ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ཀྲུང་གོ་དང་ཧ་སག་སི་ཐན་རྒྱལ་ཁབ་གཉིས་ཀྱིས་མཐོ་རིམ་འགྲོ་འོང་སྲུང་འཛིན་བྱས་པ་དེས་ཀྲུང་གོ་དང་ཧ་སག་སི་ཐན་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བའི་ཆུ་ཚད་མཐོ་བ་དང་དམིགས་བསལ་རང་བཞིན་གསལ་བོར་མཚོན་ཡོད་པ་དང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་མཛུབ་སྟོན་བྱེད་པར་དགོས་གལ་ཧ་ཅང་ཆེ། ཀྲུང་གོ་ཕྱོགས་ཀྱིས་ཧ་སག་སི་ཐན་ཕྱོགས་དང་མཉམ་དུ་མ་བཅོས་རྡོ་སྣུམ་ཉོ་ཚོང་དང་སོལ་ཞིང་གསར་སྤེལ། སྣུམ་རླངས་སྒྲིག་ཆས་གསར་བཟོ་སོགས་ནུས་ཁུངས་ཀྱི་མཉམ་ལས་ལ་ཤུགས་སྣོན་པ་དང་དངུལ་ལོར་བརྗེ་རེས་ཀྱི་གཞི་ཁྱོན་རྒྱ་བསྐྱེད་ཅིང་ན་གཞོན་བར་གྱི་བརྗེ་རེས་སྔར་ལས་ཇེ་མང་དུ་གཏོང་འདོད་ཡོད་ཟེར།

ན་ཀྲ་ཨར་པ་ཡེ་ཧྥུའུ་ཡིས་བཤད་རྒྱུར། བདག་གིས་མུ་མཐུད་དུ་ཀྲུའུ་ཞི་ཞི་ཅིན་ཕེན་དང་འབྲེལ་འདྲིས་དམ་པོ་བྱེད་པ་དང་རྒྱལ་ཁབ་གཉིས་བར་གྱི་མཉམ་ལས་ལ་སྐུལ་འདེད་བཏང་ནས། ཀྲུང་གོ་དང་ཧ་སག་སི་ཐན་བར་གྱི་འབྲེལ་བ་དེ་ས་གནས་དང་རྒྱལ་ཁབ་ཀྱི་འབྲེལ་བའི་དཔེ་སྟོན་དུ་འགྱུར་བར་འབད་བརྩོན་བྱེད་འདོད་ཡོད་ཟེར།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག