མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་ཐ་ཅི་ཁི་སི་ཐན་གྱི་ཙུང་ཐུང་ལཱ་ཧི་མན་དང་གྲོས་མོལ་མཛད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-09-14 11:14

ཟླ་དགུ་བའི་ཚེས་བཅུ་གསུམ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཐ་ཅི་ཁི་སི་ཐན་གྱི་ཙུང་ཐུང་ལཱ་ཧི་མན་དང་གྲོས་མོལ་མཛད། གྲོས་མོལ་མ་མཛད་པའི་སྔོན་ལ་ཙུང་ཐུང་ལཱ་ཧི་མན་གྱིས་ཀྲུའུ་ཞི་ཞི་ཅིན་ཕེན་ལ་དགའ་བསུ་ཞུ་བའི་མཛད་སྒོ་བསྡུས།
ཟླ་དགུ་བའི་ཚེས་བཅུ་གསུམ་ཉིན། ཞི་ཅིན་ཕེན་དང་ལཱ་ཧི་མན་རྣམ་གཉིས་ཀྱིས་གསར་འགོད་པར་ཐུག་འཕྲད་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས་བཅུ་གསུམ་ཉིན་ཐ་ཅི་ཁི་སི་ཐན་གྱི་ཙུང་ཐུང་ལཱ་ཧི་མན་དང་གྲོས་མོལ་མཛད། རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་ཀྲུང་གོ་དང་ཐ་ཅི་ཁི་སི་ཐན་བར་གྱི་འབྲེལ་བ་ཇེ་བཟང་དུ་གཏོང་བའི་ཐད་ནས་ཐུན་མོང་གི་ལྟ་ཚུལ་བྱུང་བ་དང་། ཀྲུང་གོ་དང་ཐ་ཅི་ཁི་སི་ཐན་གྱི་འཐབ་ཇུས་གྲོགས་པོའི་འབྲེལ་བའི་མ་འོངས་པའི་ལོ་ལྔའི་འཕེལ་རྒྱས་འཆར་གཞི་ལ་ཆོག་མཆན་བཀོད་པར་མ་ཟད། དངོས་གཉེར་མཉམ་ལས་ལ་ཕྱོགས་ཡོངས་ནས་ཤུགས་བསྣན་ཏེ་མཉམ་དུ་དར་རྒྱས་གོང་འཕེལ་དང་མཉམ་དུ་བདེ་འཇགས་ཡོང་བ་མངོན་འགྱུར་བྱེད་རྒྱུ་ཐག་བཅད།

གྲོས་མོལ་མཛད་སྐབས་ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ཀྲུང་གོ་དང་ཐ་ཅི་ཁི་སི་ཐན་བར་འཐབ་ཇུས་གྲོགས་པོའི་འབྲེལ་བ་བཙུགས་ནས་ལོ་གཅིག་གི་རིང་ལ། ཆབ་སྲིད་ཐད་ཀྱི་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་སོང་ཞིང་ཁྱབ་ཁོངས་སོ་སོའི་མཉམ་ལས་སྔར་ལས་ཇེ་མང་ལ་སོང་བ་དང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་གསོན་ཤུགས་སྔར་ལས་ཆེ་ཞིང་འཕེལ་རྒྱས་ཀྱི་སྦས་ཤུགས་ཆེན་པོ་ཡོད། དེ་རིང་ང་ཚོས་མཉམ་དུ་ཀྲུང་གོ་དང་ཐ་ཅི་ཁི་སི་ཐན་གྱི་འཐབ་ཇུས་གྲོགས་པོའི་འབྲེལ་བའི་མ་འོངས་པའི་ལོ་ལྔའི་འཕེལ་རྒྱས་འཆར་གཞི་ལ་ཆོག་མཆན་བཀོད་པ་དེ་ནི་རྒྱལ་ཁབ་གཉིས་ཀྱིས་ཕྱིན་ཆད་ཕྱོགས་ཡོངས་ནས་མཉམ་ལས་བྱེད་པའི་ཇུས་གཞི་ཆེན་པོ་ཡིན་པས། ང་ཚོས་ནན་ཏན་སྒོས་དངོས་འབེབས་བྱས་ནས་གྲུབ་འབྲས་ཆེན་པོ་ལེན་དགོས་ཟེར།

ལཱ་ཧི་མན་གྱིས་བཤད་རྒྱུར། ཐ་ཅི་ཁི་སི་ཐན་ཕྱོགས་ཀྱིས་ཀྲུང་གོའི་ཁྱིམ་མཚེས་མཛའ་མཐུན་མཉམ་ལས་ལ་མཐོང་ཆེན་བྱས་ནས་རྦད་ཆོད་སྒོས་རྒྱལ་ཁབ་གཉིས་བར་གྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཐ་ཅི་ཁི་སི་ཐན་ཕྱོགས་ཀྱི་ཞིང་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་ནས་འབྲུ་རིགས་རང་མཁོ་བྱེད་ཐུབ་པ་མངོན་འགྱུར་བྱེད་རྒྱུ་ནི་ང་ཚོའི་རེ་བ་ཡིན་ཟེར།

རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་ད་དུང་གསར་འགོད་པར་ཐུག་འཕྲད་བྱས། ཞི་ཅིན་ཕེན་གྱིས་གསུངས་རྒྱུར། བདག་དང་ཙུང་ཐུང་ལཱ་ཧི་མན་གཉིས་ཀྱིས་གྲུབ་འབྲས་ལྡན་པའི་གྲོས་མོལ་བྱས་ཏེ་ཐུན་མོང་གི་ལྟ་ཚུལ་གང་མང་བྱུང་། མི་རབས་ནས་མི་རབས་བར་མཛའ་མཐུན་ཡོང་ཞིང་འདྲ་མཉམ་གཉིས་ཕན་དང་མཉམ་ལས་མཉམ་རྒྱལ་བཅས་ཀྱི་ཀྲུང་གོ་དང་ཐ་ཅི་ཁི་སི་ཐན་གྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་ནི་མི་དམངས་ཀྱི་རེ་འདུན་དང་ལོ་རྒྱུས་ཀྱི་གདམ་གསེས། དུས་རབས་ཀྱི་རེ་བ་བཅས་ཡིན་ཟེར།

ལཱ་ཧི་མན་གྱིས་བཤད་རྒྱུར། ཀྲུང་གོའི་འཕེལ་རྒྱས་ཀྱིས་ས་གནས་དང་འཛམ་གླིང་ཡོངས་ལ་ཞི་བདེ་ཡི་རེ་བ་དང་འཕེལ་རྒྱས་ཀྱི་གོ་སྐབས་བསྐྲུན་ཡོད། ཐ་ཅི་ཁི་སི་ཐན་གྱིས་ཀྲུང་གོའི་མཉམ་ལས་ཀྱི་གྲོགས་པོ་བཟང་བོ་བྱེད་པ་དང་མི་རབས་ནས་མི་རབས་བར་མཛའ་མཐུན་ཡོང་བར་བྱེད་འདོད་ཡོད་ཟེར།

གྲོས་མོལ་མ་མཛད་པའི་སྔོན་ལ། ཙུང་ཐུང་ལཱ་ཧི་མན་གྱིས་ཀྲུའུ་ཞི་ཞི་ཅིན་ཕེན་ལ་དགའ་བསུ་ཞུ་བའི་མཛད་སྒོ་བསྡུས།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག