མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་ཐ་ཅི་ཁི་སི་ཐན་གྱི་ཙུང་ཐུང་ལཱ་ཧི་མན་ཚང་གི་གསོལ་སྟོན་དུ་ཞུགས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-09-14 11:14

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་ཚེས་བཅུ་གཉིས་ཉིན་ཐ་ཅི་ཁི་སི་ཐན་གྱི་ཙུང་ཐུང་ལཱ་ཧི་མན་ཚང་གི་གསོལ་སྟོན་ལ་ཞུགས། རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་རྒྱལ་ཁབ་གཉིས་ཀྱི་མཛའ་བཤེས་དང་མཉམ་ལས་ཐད་ལ་སྤྲོ་སྐྱིད་ལྡན་པའི་ངང་གསུང་གླེང་མཛད་པ་དང་། ཕྱོགས་གཉིས་ཀྱི་འབྲེལ་བ་དང་དེ་མིན་མཉམ་དུ་སེམས་ཁུར་བྱེད་པའི་གནད་དོན་ཐད་ནས་དགོངས་འཆར་བརྗེ་རེས་མཛད།

ཞི་ཅིན་ཕེན་གྱིས་བསྟན་དོན། རེབ་འདི་ནི་ངས་ཐ་ཅི་ཁི་སི་ཐན་ལ་འཚམས་འདྲི་བྱེད་ཐེངས་དང་པོ་ཡིན། ངས་ཏུའུ་ཧྲང་པའེ་ལ་འཕེལ་རྒྱས་བྱུང་བ་མཐོང་ལ། ཐ་ཅི་ཁི་སི་ཐན་མི་དམངས་ཀྱིས་ལྷག་བསམ་རྣམ་དག་གིས་སྣེ་ལེན་བྱས་པར་ང་ཧ་ཅང་དགའ་ཡོད། མཛའ་མཐུན་ཁྱིམ་མཚེས་རྒྱལ་ཁབ་ཡིན་པའི་ཆ་ནས། ང་ཚོས་ཐཱ་ཅི་ཁི་སི་ཐན་གྱིས་རྒྱལ་ཁབ་འཛུགས་སྐྲུན་ཐད་ནས་བླངས་པའི་གྲུབ་འབྲས་དེར་དགའ་སྤྲོ་ཆེན་པོ་སྐྱེས་ཡོད། རེབ་འདིའི་འཚམས་འདྲི་བརྒྱུད་ནས་ང་དང་ཙུང་ཐུང་ལཱ་ཧི་མན་གྱི་འབྲེལ་བ་སྔར་ལས་ཇེ་ཟབ་ཏུ་གཏོང་ཐུབ་པར་ང་ལ་ཡིད་ཆེས་ཡོད། ངས་ཁྱེད་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ལ་འཆར་གཞི་འཐེན་ནས། ཀྲུང་གོ་དང་ཐ་ཅི་ཁི་སི་ཐན་བར་གྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་དེ་དུས་རིམ་གསར་བ་ཞིག་ཏུ་བསླེབ་པར་ཡར་སྐུལ་བྱེད་འདོད་ཡོད་ཟེར།

ལཱ་ཧི་མན་གྱིས་བསྟན་དོན། ཀྲུང་གོ་ནི་ང་ཚོའི་ཁྱིམ་མཚེས་བཟང་བོ་དང་། གྲོགས་པོ་བཟང་བོ་ཡིན། ཐ་ཅི་ཁི་སི་ཐན་སྲིད་གཞུང་དང་མི་དམངས་ཀྱིས་ཀྲུང་གོ་ཕྱོགས་ཀྱིས་དུས་ཡུན་རིང་བོར་རྒྱབ་སྐྱོར་དང་རོགས་རམ་གནང་བར་བཀའ་དྲིན་ཞུས་པ་ཡིན་ཞིང་། རྒྱལ་ཁབ་གཉིས་ཀྱི་སྲོལ་རྒྱུན་གྱི་མཛའ་བཤེས་ལ་མཐོང་ཆེན་བྱེད་རྒྱུ་ཡིན། ཐ་ཅི་ཁི་སི་ཐན་མི་དམངས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཐ་ཅི་ཁི་སི་ཐན་ལ་འཚམས་འདྲི་མཛད་པར་དགའ་བསུ་ཆེན་པོ་ཞུས་པ་ཡིན་ལ། རེབ་འདིའི་འཚམས་འདྲི་ནི་ལོ་རྒྱུས་རང་བཞིན་གྱི་འཚམས་འདྲི་ཞིག་ཡིན་པས། ཕྱོགས་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་ཡར་སྐུལ་གཏོང་ཐུབ་པ་དང་། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཕན་ཁེ་ཐོབ་ཐུབ་པའི་ཡིད་ཆེས་ཡོད་ཟེར།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག