མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཝང་དབྱི་ཡིས་ཨོ་སི་ཁྲུ་ལི་ཡའི་ཕྱི་འབྲེལ་པུའུ་ཀྲང་པིས་ཞའོ་ཕུའུ་དང་མཉམ་དུ་ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡའི་བར་གྱི་ཕྱི་འབྲེལ་དང་འཐབ་ཇུས་གྲོས་མོལ་བྱས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-09-13 11:17

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོའི་ཕྱི་འབྲེལ་པུའུ་ཀྲང་ཝང་དབྱི་ཡིས་ཟླ་དགུ་བའི་ཚེས་བདུན་ཉིན་ཨོ་སི་ཁྲུ་ལི་ཡའི་ཕྱི་འབྲེལ་པུའུ་ཀྲང་པིས་ཞའོ་ཕུའུ་དང་མཉམ་དུ་ཞི་ཉི་ནས་སྐོར་ཐེངས་གཉིས་པའི་ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡའི་བར་གྱི་ཕྱི་འབྲེལ་དང་འཐབ་ཇུས་གྲོས་མོལ་བྱས།

ཝང་དབྱི་ཡིས་བཤད་རྒྱུར། ཨོ་སི་ཁྲུ་ལི་ཡ་ནི་རྒྱལ་སྤྱིའི་ཤུགས་རྐྱེན་ལྡན་པའི་ས་ཁུལ་གྱི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་ལ། མཐའ་འཁོར་ས་ཁུལ་གྱི་ཀྲུང་གོའི་མཉམ་ལས་གྲོགས་པོ་གལ་ཆེན་ནང་གི་གཅིག་ཀྱང་ཡིན། དེང་སྐབས་ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡའི་བར་གྱི་འབྲེལ་བར་འཕེལ་རྒྱས་བཟང་བོ་བྱུང་ཡོད། ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡའི་བར་གྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་གཏོང་དགོས་ན་རྒྱལ་ཁབ་གཉིས་ཀྱིས་ཕན་ཚུན་ལ་ཡིད་ཆེས་བྱེད་པ་དང་གཉིས་ཕན་མཉམ་ལས་ཀྱི་དོན་དག་ལ་ཤུགས་སྣོན་པ་དང་ཕན་ཚུན་ལ་གཞོགས་འདེགས་དམ་པོ་བྱས་ནས། རྒྱལ་ཁབ་གཉིས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བའི་ནང་དོན་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས་ཟེར།

པིས་ཞའོ་ཕུའུ་ཡིས་བཤད་རྒྱུར། དེང་སྐབས་ཨོ་སི་ཁྲུ་ལི་ཡ་དང་ཀྲུང་གོ་གཉིས་ཀྱི་མཐོ་རིམ་བར་གྱི་འགྲོ་འོང་ཇེ་དམ་དུ་སོང་བ་དང་། དཔལ་འབྱོར་ཉོ་ཚོང་མཉམ་ལས་ལ་འཕེལ་རྒྱས་ཆེན་པོ་བྱུང་བར་མ་ཟད། མི་གཞུང་བརྗེ་རེས་ལས་དོན་ཡང་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་ལ། རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་གཞོགས་འདེགས་བཟང་བོ་བྱེད་ཀྱིན་ཡོད། ཨོ་སི་ཁྲུ་ལི་ཡ་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་ཕན་ཚུན་བརྩི་འཇོག་དང་གཉིས་ཕན་མཉམ་རྒྱལ་གྱི་འཐབ་ཇུས་མཉམ་ལས་འབྲེལ་བ་གཏིང་ཟབ་ཏུ་སྤེལ་ཏེ། ཨོ་སི་ཁྲུ་ལི་ཡ་དང་ཀྲུང་གོ་གཉིས་ཀྱི་འབྲེལ་བ་ཆུ་ཚད་གསར་བ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་དཔོན་པོས་རྒྱལ་ཁབ་གཉིས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་དང་། ཉོ་ཚོང་དངུལ་གཏོང་མཉམ་ལས། མི་དམངས་བར་གྱི་འགྲོ་འོང་བཅས་ཐད་ནས་གྲོས་བསྡུར་ཟབ་མོ་བྱས་པར་མ་ཟད། ཐུན་མོང་གི་ལྟ་བ་མང་པོ་བཞག  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག