མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་ཡོངས་ཀྱི་སློབ་གྲྭ་ཆེན་མོ་དང་འབྲིང་རིམ་ཆེད་སྦྱོང་སློབ་གྲྭའི་སློབ་མས་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་ལེན་བྱེད་པའི་བྱ་འགུལ་ནང་དོན་གཙོ་བོ་ཡིན་པའི་དྲིལ་སྒྲོག་ཟླ་བའི་བྱ་འགུལ་སྤེལ་མགོ་བརྩམས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-09-13 11:16

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། རྒྱལ་ཡོངས་ཀྱི་སློབ་གྲྭ་ཆེན་མོ་དང་འབྲིང་རིམ་ཆེད་སྦྱོང་སློབ་གྲྭའི་སློབ་མས་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་ལེན་བྱེད་པའི་བྱ་འགུལ་ནང་དོན་གཙོ་བོ་ཡིན་པའི་དྲིལ་སྒྲོག་ཟླ་བའི་བྱ་འགུལ་དེ་པེ་ཅིན་མཁའ་སྐྱོད་མཁའ་འགྲུལ་སློབ་གྲྭ་ཆེན་མོ་ནས་སྤེལ་མགོ་བརྩམས། རྒྱལ་སའི་མཐོ་རིམ་སློབ་གྲྭ་ཆེན་མོ་ཉེར་བདུན་དང་འབྲིང་རིམ་ཆེད་སྦྱོང་སློབ་གྲྭ་དང་སློང་འབྲིང་ཁ་ཤས་ཀྱི་དགེ་སློབ་ཀྱི་འཐུས་མི་བྱ་འགུལ་ཁྲོད་ཞུགས། ཤེས་པ་ལྟར་ན། གུང་གཞོན་ཚོགས་པ་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དང་། རྒྱལ་ཡོངས་སློབ་མའི་མཉམ་འབྲེལ་ལྷན་ཚོགས་གཉིས་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བའི་གཞི་རྩའི་ནང་དོན་ལ་དམིགས་ནས། རྒྱལ་ཡོངས་ཀྱི་སློབ་གྲྭ་ཆེན་མོའི་སློབ་མ་དང་སློབ་འབྲིང་སློབ་མའི་ཁྲོད་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་ལེན་བྱེད་པའི་བྱ་འགུལ་གཏིང་ཟབ་ཏུ་སྤེལ་རྒྱུ་ཡིན་པར་མ་ཟད། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་ལེན་བྱེད་པའི་ཡུན་རིང་ལ་གོ་ཆོད་པའི་ལམ་ལུགས་འཛུགས་པར་སྔར་ལས་སྐུལ་འདེད་གཏོང་རྒྱུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག