མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་ཕ་ཁི་སི་ཐན་གྱི་ཙུང་ལིའི་རྒྱལ་ཁབ་བདེ་འཇགས་དང་ཕྱི་དོན་བློ་འདོན་པ་ཨ་ཆི་ཙི་ལ་མཇལ་འཕྲད་གནང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-09-13 11:16

ཟླ་དགུ་བའི་ཚེས་བཅུ་གཉིས་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཏུའུ་ཧྲང་པེད་ནས་ཨ་ཁི་སི་ཐན་གྱི་ཙུང་ལིའི་རྒྱལ་ཁབ་བདེ་འཇགས་དང་ཕྱི་དོན་བློ་འདོན་པ་ཨ་ཆི་ཙི་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དགུ་བའི་ཚེས་བཅུ་གཉིས་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཏུའུ་ཧྲང་པེད་ནས་ཨ་ཁི་སི་ཐན་གྱི་ཙུང་ལིའི་རྒྱལ་ཁབ་བདེ་འཇགས་དང་ཕྱི་དོན་བློ་འདོན་པ་ཨ་ཆི་ཙི་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕེན་གྱིས་ཐོག་མར་ཨ་ཆི་ཙི་བརྒྱུད་དེ་ཙུང་ཐུང་ཧི་སེ་དབྱིན་དང་ཙུང་ལི་ཞེ་ལིས་ཧྥུའུ་གཉིས་ལ་བརྩེ་བའི་འཚམས་འདྲི་དང་སྨོན་འདུན་བཟང་བོ་ཞུས།

ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ཀྲུང་གོ་དང་ཕ་ཁི་སི་ཐན་གཉིས་ནི་དུས་གཏན་གྱི་གྲོགས་པོ་ཡིན་ལ། རྒྱལ་ཁབ་གཉིས་ཀྱིས་དུས་ནམ་ཡིན་རུང་ཕན་ཚུན་ལ་རྒྱུས་ལོན་དང་ཕན་ཚུན་ལ་རྒྱབ་སྐྱོར་བྱེད་ཀྱིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་ཕ་ཁི་སི་ཐན་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་རྒྱུ་དེ་ཀྲུང་གོའི་ཕྱི་འབྲེལ་གྱི་གོ་གནས་གལ་ཆེན་ཞིག་ཏུ་བཞག་ནས། རྒྱལ་ཁབ་གཉིས་ཀྱི་འཐབ་ཇུས་མཉམ་ལས་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་སུ་གཏོང་བར་འབད་བརྩོན་བྱེད་ཀྱིན་ཡོད། ངས་ཙུང་ལི་ཞེ་ལིས་ཧྥུའུ་ད་ལོའི་ཟླ་བཅུ་གཅིག་པར་པེ་ཅིན་ནས་འཚོགས་རྒྱུ་ཡིན་པའི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་སྦྱིན་བདག་གྲོགས་པོའི་གྲོས་མོལ་ཚོགས་འདུར་ཞུགས་པར་དགའ་བསུ་བྱེད་ཀྱིན་ཡོད་ལ། སྐབས་དེར་ཙུང་ལི་ཞེ་ལིས་ཧྥུའུ་དང་ཐུག་འཕྲད་བྱེད་པར་རེ་སྒུག་བྱས་ཡོད་ཟེར།

ཨ་ཆི་ཙི་ཡིས་ཐོག་མར་ཙུང་ཐུང་ཧི་སེ་དབྱིན་དང་ཙུང་ལི་ཞེ་ལིས་ཧྥུའུ་གཉིས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕེན་ལ་བརྩེ་བའི་འཚམས་འདྲི་ཞུས་པ་བརྒྱུད་སྒྲོག་བྱས། ཨ་ཆི་ཙི་ཡིས་བཤད་རྒྱུར། ཕ་ཁི་སི་ཐན་ཕྱོགས་ཀྱིས་ཀྲུང་གོས་དུས་དང་རྣམ་པ་ཀུན་ཏུ་ཕ་ཁི་སི་ཐན་ལ་རོགས་སྐྱོར་བྱས་པར་བཀའ་དྲིན་ཞུས་པ་དང་། ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཕ་ཁི་སི་ཐན་ལ་ཆུ་ལོག་བྱུང་རྗེས་འཚམས་འདྲི་དང་རོགས་སྐྱོར་བྱས་པར་བཀའ་དྲིན་ཞུས། ཕ་ཁི་སི་ཐན་སྲིད་གཞུང་དང་མི་དམངས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕེན་སྔ་མོ་ནས་ཕ་ཁི་སི་ཐན་ལ་རྒྱལ་དོན་འཚམས་འདྲིར་ཕེབས་པར་རེ་སྒུག་བྱེད་བཞིན་ཡོད་ཟེར།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག