མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་ཀྲུང་གོ་དང་ཨུ་རུ་སི། མོང་གོལ་བཅས་རྒྱལ་ཁབ་གསུམ་གྱི་མགོ་གཙོའི་ཐུག་འཕྲད་ལ་ཞུགས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-09-13 11:16

ཟླ་དགུ་བའི་ཚེས་བཅུ་གཅིག་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་ཐ་ཅི་ཁི་སི་ཐན་རྒྱལ་ཁབ་ཀྱི་རྒྱལ་ས་ཏུའུ་ཧྲང་པེད་ནས་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་མོང་གོལ་གྱི་ཙུང་ཐུང་ཨིག་ལི་པད་ཀི་ཏའོ་ཨར་ཅི་གཉིས་དང་མཉམ་དུ་ཀྲུང་གོ་དང་ཨུ་རུ་སི། མོང་གོལ་བཅས་རྒྱལ་ཁབ་གསུམ་གྱི་མགོ་གཙོའི་མཇལ་འཕྲད་ལ་ཞུགས།
ཟླ་དགུ་བའི་ཚེས་བཅུ་གཅིག་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་ཐ་ཅི་ཁི་སི་ཐན་རྒྱལ་ཁབ་ཀྱི་རྒྱལ་ས་ཏུའུ་ཧྲང་པེད་ནས་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་མོང་གོལ་གྱི་ཙུང་ཐུང་ཨིག་ལི་པད་ཀི་ཏའོ་ཨར་ཅི་གཉིས་དང་མཉམ་དུ་ཀྲུང་གོ་དང་ཨུ་རུ་སི། མོང་གོལ་བཅས་རྒྱལ་ཁབ་གསུམ་གྱི་མགོ་གཙོའི་མཇལ་འཕྲད་ལ་ཞུགས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་ས་དེའི་དུས་ཚོད་ཚེས་བཅུ་གཅིག་ཉིན་ཏུའུ་ཧྲང་པེད་ནས་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་མོང་གོལ་གྱི་ཙུང་ཐུང་ཨིག་ལི་པད་ཀི་ཏའོ་ཨར་ཅི་གཉིས་དང་མཉམ་དུ་ཀྲུང་གོ་དང་ཨུ་རུ་སི། མོང་གོལ་བཅས་རྒྱལ་ཁབ་གསུམ་གྱི་མགོ་གཙོའི་མཇལ་འཕྲད་ལ་ཞུགས།

ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ཀྲུང་གོ་དང་ཨུ་རུ་སི། མོང་གོལ་བཅས་རྒྱལ་ཁབ་གསུམ་ནི་ཁྱིམ་མཚེས་བཟང་བོ་དང་གྲོགས་པོ་བཟང་བོ་ཡིན། དེང་སྐབས་རྙོག་འཛིང་ཆེ་ཞིང་འགྱུར་ལྡོག་མང་བའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནས་བབ་འོག རྒྱལ་ཁབ་གསུམ་གྱི་མགོ་གཙོས་ཐུག་འཕྲད་ཐེངས་དང་པོ་བྱས་ནས། ཕུན་ཚུན་བར་སེམས་ཁུར་བྱེད་བཞིན་པའི་མཉམ་ལས་གནད་དོན་ཐད་ལ་འབྲེལ་འདྲིས་བྱས་ན། ཕྱོགས་གསུམ་བར་གྱི་ཡིད་ཆེས་ཇེ་དམ་དུ་གཏོང་ཐུབ་པ་དང་། གཉིས་ཕན་མཉམ་རྒྱལ་གྱི་མཉམ་ལས་ལ་སྐུལ་འདེད་གཏོང་ཐུབ་པར་མ་ཟད། ཕན་ཚུན་བར་ཁྱད་སྟོབས་ཁ་གསབ་བྱེད་པ་དང་མཉམ་དུ་འཕེལ་རྒྱས་སུ་གཏོང་བ། ཨེ་ཤ་ཡའི་ཤར་བྱང་ས་ཁུལ་གྱི་མཉམ་ལས་འཕེལ་རྒྱས་སུ་གཏོང་བ་བཅས་ལ་དོན་སྙིང་གལ་ཆེན་ལྡན་ཟེར།

ཕུའུ་ཅིན་གྱིས་བཤད་རྒྱུར། ཨུ་རུ་སི་དང་ཀྲུང་གོ མོང་གོལ་བཅས་རྒྱལ་ཁབ་གསུམ་ནི་ཁྱིམ་མཚེས་ཡིན་པས། འགྲོ་འོང་དང་གྲོས་མོལ། མཐུན་སྦྱོར་བཅས་ལ་ཤུགས་སྣོན་དགོས། ཀྲུང་གོ་ཕྱོགས་ཀྱིས་དར་གོས་ཚོང་ལམ་དཔལ་འབྱོར་ས་ཁུལ་མཉམ་དུ་འཛུགས་སྐྲུན་བྱེད་པའི་གྲོས་གཞི་བཏོན་པ་དེས་རྒྱལ་ཁབ་གསུམ་བར་གྱི་མཉམ་ལས་ལ་གོ་སྐབས་བཟང་བོ་འདོན་སྤྲོད་བྱས་པས། ཕྱོགས་གསུམ་གྱིས་རང་གི་འཕེལ་རྒྱས་ཇུས་གཞི་དང་ཟུང་འབྲེལ་བྱས་ཏེ། ནུས་ཁུངས་དང་གཏེར་ལས། འགྲིམ་འགྲུལ་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་སོགས་ཁྱབ་ཁོངས་ཀྱི་ཡུན་རིང་དང་བརྟན་འཇགས་ཀྱི་མཉམ་ལས་འབྲེལ་བ་འཛུགས་སྐྲུན་བྱེད་དགོས་ཟེར།

ཨིག་ལི་པད་ཀི་ཏའོ་ཨར་ཅི་ཡིས་བཤད་རྒྱུར། མོང་གོལ་ཕྱོགས་ཀྱིས་ཀྲུང་གོ་དང་ཨུ་རུ་སིའི་བར་གྱི་མཉམ་ལས་ལ་ཤུགས་བསྣན་ཏེ། འགྲིམ་འགྲུལ་རྨང་གཞིའི་སྒྲིག་ཆས་ཐད་ཀྱི་འབྲེལ་འདྲིས་དང་ས་ཁོངས་ལས་བརྒལ་བའི་སྐྱེལ་འདྲེན་ལ་སྐུལ་འདེད་གཏོང་བར་རེ་བ་བྱེད་ཀྱིན་ཡོད་ཟེར།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག