མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་གིས་ཐེན་ཅིན་གྲོང་ཁྱེར་གྱི་བྱ་བར་རྟོག་ཞིབ་མཛད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-09-13 11:16

ཟླ་དགུ་བའི་ཚེས་བཅུ་གཅིག་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་དབྱར་ཁའི་ཏ་ཝོ་སི་གླེང་སྟེགས་ལ་ཞུགས་རྗེས་ཐེན་ཅིན་གྲོང་ཁྱེར་གྱི་བྱ་བར་རྟོག་ཞིབ་མཛད།
ཟླ་དགུ་བའི་ཚེས་བཅུ་གཅིག་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་དབྱར་ཁའི་ཏ་ཝོ་སི་གླེང་སྟེགས་ལ་ཞུགས་རྗེས་ཐེན་ཅིན་གྲོང་ཁྱེར་གྱི་བྱ་བར་རྟོག་ཞིབ་མཛད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དགུ་བའི་ཚེས་བཅུ་གཅིག་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་དབྱར་ཁའི་ཏ་ཝོ་སི་གླེང་སྟེགས་ལ་ཞུགས་རྗེས་ཐེན་ཅིན་གྲོང་ཁྱེར་གྱི་བྱ་བར་རྟོག་ཞིབ་མཛད།

ལིས་ཁི་ཆང་པེན་ཧེ་ས་ཁུལ་གསར་བའི་སྲིད་འཛིན་ཞིབ་མཆན་ཅུའུ་ཡི་དོན་སྒྲུབ་ཚོམས་ཁང་དུ་ཕེབས་ནས་ལས་བྱེད་མི་སྣར་གསུངས་རྒྱུར། སྔོན་ཆད་ཞིབ་མཆན་གྱི་སྣ་ཁ་མང་བ་དང་ལས་ཁུངས་སོ་སོར་ཞིབ་མཆན་སྣ་བརྒྱ་དང་དགུ་ཡོད། ད་ལྟ་ཞིབ་མཆན་གྱི་སྣ་ཁ་ཇེ་ཉུང་དུ་བཏང་བ་དང་འགན་ནུས་ལེགས་སྒྲིག་བྱེད་པ་སོགས་ལ་བཅོས་སྒྱུར་བྱས་པ་བརྒྱུད། ཞིབ་མཆན་བྱེད་དགོས་པ་ཐམས་ཅད་ཕྱོགས་གཅིག་ཏུ་བསྡུས་ནས་ཐམ་ཀ་གཅིག་བརྒྱབ་ན་ཆོག གསར་དུ་ཐོ་འགོད་བྱེད་པའི་ཁེ་ལས་སྔར་ལས་ཇེ་མང་དུ་སོང་བ་དང་བསྟུན་ནས་ལས་ཞུགས་བྱེད་ས་མང་པོ་གསར་སྐྲུན་བྱས།

རོང་ཁི་ཐོག་ཁང་ཆེན་མོའི་ནང་དུ་ཁེ་ལས་ཆུང་བ་བདུན་ཅུ་ལྷག་ཡོད། ལིས་ཁི་ཆང་སྔ་གཞུག་ཏུ་ཀུང་ཟི་འགའ་ལ་ཕེབས་ཏེ་ཁེ་ལས་ཀྱི་ཞིབ་བཟོ་གསར་སྐྲུན་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་མཛད། ཁོང་གིས་གསུངས་རྒྱུར། ང་ཚོས་ཁེ་ལས་ཆུང་བའི་དཔྱ་ཁྲལ་གྱི་ཁུར་བོ་སྔར་ལས་ཇེ་ཡང་དུ་གཏོང་ངེས་ཡིན་ལ། རིམ་པ་སོ་སོའི་སྲིད་གཞུང་གིས་ལས་སྤེལ་མཁན་གྱིས་མ་དངུལ་བསྡུ་དཀའ་བ་སོགས་ཀྱི་གནད་དོན་ཐག་གཅོད་རོགས་བྱས་ནས། ཁེ་ལས་ཆུང་བས་མི་སྔར་ལས་མང་པོ་ཞིག་ལ་ལས་སྤེལ་ལས་ཞུགས་བྱེད་པར་སྣེ་ཁྲིད་བྱེད་དུ་འཇུག་དགོས་ཟེར།

ལིས་ཁི་ཆང་གིས་ཐེན་ཅིན་གྲོང་ཁྱེར་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ནས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་མཛད་པར་མ་ཟད། ཐེན་ཅིན་གྲོང་ཁྱེར་གྱིས་པེ་ཅིན་དང་ཐེན་ཅིན། ཧི་པེ་བཅས་ཀྱི་མཐུན་སྦྱོར་འཕེལ་རྒྱས་ཀྱི་གོ་སྐབས་བཟང་བོ་དམ་འཛིན་བྱས་ཏེ། ཕྱོགས་བསྡུས་བཅོས་སྒྱུར་གྱི་ཐོག་མའི་ལག་བསྟར་ས་ཁུལ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ་དང་བྱ་བ་སོ་སོའི་ཐད་ནས་གྲུབ་འབྲས་གསར་བ་ལེན་དགོས་པའི་ཐུགས་རེ་བཏོན།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག