མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲང་ཏི་ཅང་གིས་ཀོས་ཀྲིག་ཞིང་ཆེན་གྱི་བྱ་བར་རྟོག་ཞིབ་མཛད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-09-13 11:16

ཟླ་དགུ་བའི་ཚེས་བཅུ་ཉིན་ནས་ཚེས་བཅུ་གཉིས་ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་ཀོས་ཀྲིག་ཞིང་ཆེན་གྱི་བྱ་བར་རྟོག་ཞིབ་མཛད་པར་མ་ཟད་མགོ་འཛིན་མཛད་དེ་དམངས་ཆེན་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས།
ཟླ་དགུ་བའི་ཚེས་བཅུ་ཉིན་ནས་ཚེས་བཅུ་གཉིས་ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་ཀོས་ཀྲིག་ཞིང་ཆེན་གྱི་བྱ་བར་རྟོག་ཞིབ་མཛད་པར་མ་ཟད་མགོ་འཛིན་མཛད་དེ་དམངས་ཆེན་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་ཚེས་བཅུ་ནས་ཚེས་བཅུ་གཉིས་ཉིན་བར་ཀོས་ཀྲིག་ཞིང་ཆེན་གྱི་བྱ་བར་རྟོག་ཞིབ་མཛད་པར་མ་ཟད་མགོ་འཛིན་མཛད་དེ་དམངས་ཆེན་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས།

ཀྲང་ཏི་ཅང་པུས་ཅེ་གྲོང་ཁྱེར་ཆི་ཞིན་ཀོན་ས་ཁུལ་དམངས་ཆེན་གྱི་འཐུས་མིའི་ཁྱིམ་ཚང་དང་འཕྲིན་བཅར་ཁང་སོགས་ལས་ཁུངས་ལ་ཕེབས་ཏེ་དམངས་ཆེན་གྱི་འཐུས་མི་དང་དམངས་ཆེན་གྱི་ལས་བྱེད་པ་དང་ལས་བཟོ་བ་བཅས་དང་མཉམ་དུ་བསམ་འཆར་བརྗེ་རེས་བྱས། ཧྭ་ཞི་ས་ཁུལ་ཆིན་ཡན་གྲོང་རྡལ་གྱི་དམངས་ཆེན་འཐུས་མིའི་བྱ་འགུལ་ཁང་དུ་ཕེབས་ནས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་གྲོས་གཞིར་གྲོས་བསྡུར་བྱེད་པའི་གཞི་རིམ་དམངས་ཆེན་གྱི་འཐུས་མི་རྣམས་དང་མཉམ་དུ་གྲོས་མོལ་མཛད། ཁོང་གིས་གསུངས་རྒྱུར། གཞི་རིམ་དམངས་ཆེན་དང་དམངས་ཆེན་གྱི་འཐུས་མིས་མང་ཚོགས་དང་འབྲེལ་འདྲིས་དམ་པོ་བྱེད་པ་དང་། ཁྲིམས་ལྟར་འགན་དབང་ལག་བསྟར་ནན་མོ་བྱས་ནས་མང་ཚོགས་ཀྱི་ཁེ་ཕན་ལ་འབྲེལ་བ་ཡོད་པའི་གནད་དོན་སྣ་ཚོགས་ཐག་གཅོད་བཟང་བོ་བྱེད་དགོས་ཟེར།

ཚེས་བཅུ་གཉིས་ཉིན་གྱི་སྔ་དྲོར། ཀྲང་ཏི་ཅང་གིས་ཀོས་ཀྲིག་ཞིང་ཆེན་དམངས་ཆེན་དུ་མགོ་འཛིན་མཛད་དེ་བཞུགས་མོལ་ཚོགས་འདུ་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་དེ་ལག་བསྟར་བྱས་པ་དང་དམངས་ཆེན་བྱ་བའི་གནས་ཚུལ་ཡར་ཞུ་བྱས་པར་ཉན། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་དེ་ལག་བསྟར་བྱེད་རྒྱུ་ནི་རྒྱལ་ཡོངས་དམངས་ཆེན་དང་ས་གནས་ཀྱི་རིམ་པ་སོ་སོའི་དམངས་ཆེན་བྱ་བའི་ལས་འགན་གལ་ཆེན་ཞིག་ཡིན་པས། ངེས་པར་དུ་གསུངས་བཤད་ཀྱི་དགོངས་དོན་གལ་ཆེན་གསལ་བོར་ཤེས་པར་བྱེད་པ་དང་། མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལམ་ལུགས་རྒྱུན་འཁྱོངས་བཟང་བོ་བྱེད་པ་དང་འཕེལ་རྒྱས་སུ་གཏོང་དགོས་ཞེས་ནན་གྱིས་གསུངས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག