མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་ཡོངས་སྲིད་གྲོས་ཀྱིས་པེ་ཅིན་ནས་གཟའ་འཁོར་གཉིས་ཀྱི་གྲོས་མོལ་ཚོགས་འདུ་བསྡུས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-09-13 11:15

རྒྱལ་ཡོངས་སྲིད་གྲོས་ཀྱིས་ཚེས་བཅུ་གཅིག་ཉིན་གྱི་ཕྱི་དྲོར་པེ་ཅིན་ནས་གཟའ་འཁོར་གཉིས་ཀྱི་གྲོས་མོལ་ཚོགས་འདུ་བསྡུས་ཏེ། མི་རིགས་ས་གནས་མཁར་གྲོང་ཅན་ཏུ་བསྒྱུར་བའི་ཁྲོད་ཀྱི་ལས་ཞུགས་གནད་དོན་ཐད་ལ་བསམ་འཆར་དང་གྲོས་གཞི་བཏོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་གྲོས་ཚོགས་ལ་མགོ་འཛིན་མཛད་པར་མ་ཟད་གསུངས་བཤད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་སྲིད་གྲོས་ཀྱིས་ཚེས་བཅུ་གཅིག་ཉིན་གྱི་ཕྱི་དྲོར་པེ་ཅིན་ནས་གཟའ་འཁོར་གཉིས་ཀྱི་གྲོས་མོལ་ཚོགས་འདུ་བསྡུས་ཏེ། མི་རིགས་ས་གནས་མཁར་གྲོང་ཅན་ཏུ་བསྒྱུར་བའི་ཁྲོད་ཀྱི་ལས་ཞུགས་གནད་དོན་ཐད་ལ་བསམ་འཆར་དང་གྲོས་གཞི་བཏོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་གྲོས་ཚོགས་ལ་མགོ་འཛིན་མཛད་པར་མ་ཟད་གསུངས་བཤད་གནང་།

གྲོས་མོལ་ཚོགས་འདུའི་སྟེང་ཨུ་ཡོན་རྣམས་ཀྱིས་མི་རིགས་ས་གནས་ཀྱི་ལས་ཞུགས་གནད་དོན་ཐག་གཅོད་ན་ཐོག་མར་མགོ་ཁྲིད་ཀྱིས་མཐོང་ཆེན་བྱེད་དགོས་ལ། ལས་ཞུགས་གནད་དོན་དེ་སྔར་ལས་འབུར་ཐོན་ཡིན་པའི་གོ་གནས་གལ་ཆེན་ཏུ་འཇོག་དགོས་པ་དང་། མི་དམངས་ཀྱི་འཚོ་བའི་ཆུ་ཚད་ཇེ་མཐོར་གཏོང་རྒྱུ་དེ་ས་གནས་འཕེལ་རྒྱས་ལ་ཚད་འཇལ་བའི་ཚད་གཞི་གལ་ཆེན་བྱེད་དགོས། ས་གནས་རང་གི་དོན་དངོས་དང་འཚམ་ཞིང་ལག་བསྟར་བྱེད་ཆོག་པའི་ལས་ཞུགས་སྲིད་ཇུས་གཏན་ལ་ཕབ་དགོས་པར་མ་ཟད་དམིགས་བསལ་གྱི་རོགས་རམ་བྱེད་ཐབས་སྤྱོད་དགོས། ཚོང་རའི་དགོས་མཁོ་དང་འཚམ་པའི་ལས་རིགས་སློབ་གསོའི་གསོ་སྦྱོང་སྔར་ལས་འཕེལ་རྒྱས་སུ་བཏང་ནས་ངལ་རྩོལ་པའི་ལས་ཞུགས་ནུས་པ་སྔར་ལས་ཇེ་ཆེར་གཏོང་དགོས། མཁར་གྲོང་དུ་སྤར་བའི་རོང་འབྲོག་པ་དང་མཁར་གྲོང་སྡོད་དམངས་ཀྱིས་འདྲ་མཉམ་སྒོས་ལས་ཞུགས་དང་སྤྱི་ཚོགས་འགན་སྲུང་སོགས་གཞི་རྩའི་ཁེ་དབང་ལོངས་སུ་སྤྱོད་པར་སྐུལ་འདེད་བཏང་ནས། མཁར་གྲོང་གི་གཞི་རྩའི་སྤྱི་བའི་ཞབས་ཕྱི་དེ་རྒྱུན་སྡོད་མི་གྲངས་ཡོངས་ལ་ཁེབས་པ་རིམ་བཞིན་མངོན་འགྱུར་བྱེད་དགོས་པའི་གྲོས་གཞི་བཏོན་པ་དང་། ཡུས་ཀྲིན་ཧྲིན་གྱིས་ཚང་མས་བཏོན་པའི་གྲོས་གཞི་ལ་ཉན་ཞོར་དུ་བསམ་འཆར་བརྗེ་རེས་མཛད།

མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡི་འབྲེལ་ཡོད་འགན་འཁུར་པས་རང་རྒྱལ་གྱི་མི་རིགས་ས་ཁུལ་མཁར་གྲོང་ཅན་ཏུ་བསྒྱུར་བའི་འཕེལ་རིམ་ཁྲོད་ཀྱི་ལས་ཞུགས་གནད་དོན་སྐོར་གྱི་འབྲེལ་ཡོད་གནས་ཚུལ་མཚམས་སྦྱོར་བྱས་པ་དང་། རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་སློབ་གསོ་པུའུ་སོགས་ཀྱི་འགན་འཁུར་པ་གྲོས་ཚོགས་ལ་ཞུགས་པར་མ་ཟད་ཨུ་ཡོན་རྣམས་དང་མཉམ་དུ་བསམ་འཆར་བརྗེ་རེས་བྱས།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག