མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་གིས་སེ་ཨེར་ཝེ་ཡའི་ཙུང་ལི་དང་ཨར་པ་ནི་ཡའི་ཙུང་ལི། ཏེན་མག་གི་དབུ་བཞུགས་བློན་ཆེན་བཅས་ལ་མཇལ་འཕྲད་གནང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-09-12 11:10

ཟླ་དགུ་བའི་ཚེས་བཅུ་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཐེན་ཅིན་ནས་ཀྲུང་གོར2014ལོའི་དབྱར་ཁའི་ཏ་ཝའོ་སི་གླེང་སྟེགས་ལོ་ཚོགས་སུ་ཞུགས་པར་ཡོང་བའི་སེ་ཨར་ཝེ་ཡའི་ཙུང་ལི་ཝུའུ་ཆི་ཆི་ལ་མཇལ་འཕྲད་གནང་།
ཟླ་དགུ་བའི་ཚེས་བཅུ་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཐེན་ཅིན་ནས་ཀྲུང་གོར2014ལོའི་དབྱར་ཁའི་ཏ་ཝའོ་སི་གླེང་སྟེགས་ལོ་ཚོགས་སུ་ཞུགས་པར་ཡོང་བའི་ཨར་པ་ནི་ཡའི་ཙུང་ལི་ལཱ་མཱ་ལ་མཇལ་འཕྲད་གནང་།
ཟླ་དགུ་བའི་ཚེས་བཅུ་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཐེན་ཅིན་ནས་ཀྲུང་གོར2014ལོའི་དབྱར་ཁའི་ཏ་ཝའོ་སི་གླེང་སྟེགས་ལོ་ཚོགས་སུ་ཞུགས་པར་ཡོང་བའི་ཏེན་མག་གི་དབུ་བཞུགས་བློན་ཆེན་ཐོ་ཉིན་ཧྲི་སྨིས་ཐི་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་བཅུ་ཉིན་ཐེན་ཅིན་ནས་ཀྲུང་གོར2014ལོའི་དབྱར་ཁའི་ཏ་ཝའོ་སི་གླེང་སྟེགས་ལོ་ཚོགས་སུ་ཞུགས་པར་ཡོང་བའི་སེ་ཨར་ཝེ་ཡའི་ཙུང་ལི་ཝུའུ་ཆི་ཆི་དང་ཨར་པ་ནི་ཡའི་ཙུང་ལི་ལཱ་མཱ། ཏེན་མག་གི་དབུ་བཞུགས་བློན་ཆེན་ཐོ་ཉིན་ཧྲི་སྨིས་ཐི་བཅས་ལ་སོ་སོར་མཇལ་འཕྲད་གནང་།

ཝུའུ་ཆི་ཆི་ལ་མཇལ་འཕྲད་གནང་སྐབས། ལིས་ཁི་ཆང་གིས་གསུངས་རྒྱུར། ཀྲུང་གོ་དང་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་ནི་ཕྱོགས་གཉིས་ཀྱི་ཐུང་མོང་གི་ཁེ་ཕན་ཡིན་ལ། ཀྲུང་གོ་དང་ཡོ་རོབ་གླིང་བར་གྱི་འབྲེལ་བ་ཕྱོགས་ཡོངས་དང་དོ་མཉམ་སྒོས་འཕེལ་རྒྱས་སུ་གཏོང་བར་ཕན་པ་ཡོད། ཀྲུང་གོ་ཕྱོགས་ཀྱིས་སེ་ཨར་ཝེ་ཡ་ཕྱོགས་དང་མཉམ་དུ་ད་ལོའི་ཀྲུང་གོ་དང་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་ཀྱི་མགོ་ཁྲིད་པའི་བར་གྱི་ཐུག་འཕྲད་བཟང་བོར་སྤེལ་ཏེ། གཉིས་ཕན་མཉམ་རྒྱལ་གྱི་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་ཕྱོགས་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད་ཟེར།

ལཱ་མཱ་ལ་མཇལ་འཕྲད་གནང་སྐབས། ལིས་ཁི་ཆང་གིས་གསུངས་རྒྱུར། ཀྲུང་གོས་ཨར་པ་ནི་ཡ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ཏེ་ལོ་འཁོར་རེ་ལྔ་ལོན་པ་དང་བསྟུན་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དང་མཉམ་ལས་ལ་གྲུབ་འབྲས་སྔར་ལས་མང་པོ་ཐོབ་པར་ཧུར་ཐག་སྒོས་སྐུལ་འདེད་གཏོང་འདོད་ཡོད་ཟེར།  

ཧྲི་སྨིས་ཐི་ལ་མཇལ་འཕྲད་གནང་སྐབས་ལིས་ཁི་ཆང་གིས་གསུངས་རྒྱུར། ཀྲུང་གོ་ཕྱོགས་ཀྱིས་སང་ལོར་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་འཁོར་རེ་ལྔ་ལོན་པ་དང་བསྟུན་ནས། ཏེན་མག་བར་གྱི་ཆབ་སྲིད་ཐད་ཀྱི་ཡིད་ཆེས་ཇེ་དམ་དུ་གཏོང་བ་དང་། དངོས་གཉེར་མཉམ་ལས་རྒྱ་བསྐྱེད་དེ། རྒྱལ་ཁབ་གཉིས་ཀྱི་མཉམ་ལས་དེ་ནུས་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོབ། ཆ་འཕྲིན་བཅས་ཀྱི་ཐོན་ལས་ནས་ཟས་རིགས་བདེ་འཇགས་དང་སྨན་བཅོས་ཞབས་ཞུ་སོགས་ཁྱབ་ཁོངས་སུ་རྒྱ་བསྐྱེད་དེ། ཀྲུང་གོ་དང་ཏེན་མག་བར་གྱི་འབྲེལ་བ་ཆུ་ཚད་གསར་བ་ཞིག་ཏུ་མཐོར་འདེགས་སུ་གཏོང་འདོད་ཡོད་ཟེར།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག