མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་ལ་མཇལ་འཕྲད་གནང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-09-12 11:10

ཟླ་དགུ་བའི་ཚེས་བཅུ་གཅིག་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཏུའུ་ཧྲང་པེ་ནས་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དགུ་བའི་ཚེས་བཅུ་གཅིག་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཏུའུ་ཧྲང་པེ་ནས་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་ལ་མཇལ་འཕྲད་གནང་།

རྒྱལ་ཁབ་གཉིས་ཀྱི་དངོས་གཉེར་མཉམ་ལས་སྐོར་ནས་ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ཕྱོགས་གཉིས་ཀྱིས་མུ་མཐུད་དུ་རྒྱལ་ཁབ་གཉིས་ཀྱི་འཐབ་ཇུས་རང་བཞིན་གྱི་ལས་གཞི་ཆེན་པོའི་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་ལྷག་པར་དུ་ཀྲུང་གོ་དང་ཨུ་རུ་སིའི་ནུབ་རྒྱུད་རང་བྱུང་སོལ་སྦུགས་ལས་གཞི་སྔ་མོ་ནས་ལག་བསྟར་བྱས་ནས། རྒྱལ་ཁབ་གཉིས་ཀྱི་ནུས་ཁུངས་མཉམ་ལས་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས། ཕྱོགས་གཉིས་ཀྱིས་དངུལ་ལོར་མཉམ་ལས་རྒྱ་བསྐྱེད་པ་དང་ཕྱོགས་གཉིས་ཀྱི་དངུལ་ལོར་བརྗེ་རེས་ལ་སྐུལ་འདེད་བཏང་ནས་མཉམ་དུ་གསེར་ལྡན་རྒྱལ་ཁབ་ཀྱི་གསར་སྤེལ་དངུལ་ཁང་འཛུགས་སྐྲུན་བཟང་བོ་བྱེད་དགོས་ཟེར།

ཕུའུ་ཅིན་གྱིས་གསུངས་རྒྱུར། ཨུ་རུ་སི་དང་ཀྲུང་གོའི་ནུབ་རྒྱུད་རང་བྱུང་སོལ་སྦུག་ལས་གཞི་ནི་གཉིས་ཕན་མཉམ་རྒྱལ་ཡིན་ལ། ང་རང་ཉིད་ཀྱིས་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པ་དང་དེ་མྱུར་དུ་འཛུགས་སྐྲུན་བྱེད་དགོས། ང་ཚོས་རྒྱལ་ཁབ་གཉིས་བར་གྱི་མཛའ་མཐུན་ཞིང་ཆེན་དང་ཁུལ། གྲོང་ཁྱེར་བརྒྱ་ལྷག་གི་འབྲེལ་བའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། ས་གནས་མཉམ་ལས་དང་མི་གཞུང་བརྗེ་རེས་ལ་སྐུལ་འདེད་གཏོང་དགོས། དེང་སྐབས་རྒྱལ་སྤྱི་དང་ས་གནས་ཀྱི་གནས་བབ་བརྟན་འཇགས་མིན་པ་དང་གཏན་འཁེལ་མ་ཡིན་པའི་རྒྱུ་རྐྱེན་ཇེ་མང་ལ་འགྲོ་བཞིན་ཡོད་པས། ཨུ་རུ་སི་དང་ཀྲུང་གོས་རྒྱལ་སྤྱི་དང་ས་གནས་ཀྱི་ལས་དོན་ཁྲོད་དུ་མཐུན་སྦྱོར་དང་རོགས་ལས་བྱེད་པར་ཤུགས་སྣོན་དགོས་ཟེར།

རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་ད་དུང་ཨ་ཧྥུ་ཧན་དང་ཨེ་ཤའི་ནུབ་མ་དང་ཨ་ཧྥེ་རི་ཁ་བྱང་མ་བཅས་ཀྱི་གནས་བབ་སོགས་ཀྱི་ཐད་ནས་ལྟ་ཚུལ་བརྗེ་རེས་མཛད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག