མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་མཛའ་མཐུན་ལོ་དང་སྐབས་གསུམ་པའི་ཨ་རབ་སྒྱུ་རྩལ་དུས་ཆེན་ཚོགས་མགོ་རྩོམ་པའི་མཛད་སྒོ་པེ་ཅིན་ནས་བསྡུས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-09-12 11:09

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་མཛའ་མཐུན་ལོ་དང་སྐབས་གསུམ་པའི་ཨ་རབ་སྒྱུ་རྩལ་དུས་ཆེན་ཚོགས་མགོ་རྩོམ་པའི་མཛད་སྒོ་ཚེས་བཅུ་ཉིན་པེ་ཅིན་ནས་བསྡུས་པ་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར་ནས་མཛའ་མཐུན་ལོའི་བྱ་འགུལ་བདེ་ལེགས་ངང་སྤེལ་བར་སྨོན་འདུན་ཞུས། ཁོང་གིས་གསུངས་རྒྱུར། དེང་སྐབས་ཀྲུང་གོ་དང་ཨ་རབ་བར་གྱི་འབྲེལ་བ་ནི་སྔར་སྲོལ་རྗེས་མཐུད་དང་མ་འོངས་གསར་གཏོད་ཀྱི་མགོ་ཚུགས་ས་གསར་བར་གནས་ཡོད་པ་དང་། ཞི་བདེ་མཉམ་ལས་དང་སྒོ་འབྱེད་བཟོད་སྒོམ། ཕན་ཚུན་ལ་སློབ་སྦྱོང་དང་དཔྱད་གཞིར་འཛིན་པ། གཉིས་ཕན་མཉམ་རྒྱལ་བཅས་ནི་ཀྲུང་གོ་དང་ཨ་རབ་འབྲེལ་བའི་འཕེལ་རྒྱས་ཀྱི་ཁྱད་ཆོས་གཙོ་བོར་གྱུར་ཡོད། བདག་གིས་ཀྲུང་གོ་དང་ཨ་རབ་འབྲེལ་བའི་འཕེལ་རྒྱས་ལ་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་འཐབ་ཇུས་ཀྱི་མཐོ་ཚད་དང་རྒྱང་རིང་ལ་དམིགས་ཏེ་ཀྲུང་གོ་དང་ཨ་རབ་འབྲེལ་བར་ལྟ་ཚུལ་ཡང་དག་འཛིན་བཞིན་ཡོད་པ་དང་། ཨ་རབ་ཀྱི་རྒྱལ་ཁབ་སོ་སོ་དང་མཉམ་དུ་འབད་བརྩོན་བྱས་ཏེ། ཀྲུང་གོ་དང་ཨ་རབ་བར་གྱི་ཕྱོགས་ཡོངས་ཀྱི་མཉམ་ལས་དང་མཉམ་དུ་འཕེལ་རྒྱས་སུ་འགྲོ་བའི་འཐབ་ཇུས་མཉམ་ལས་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་གཏོང་འདོད་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག