མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་ཐ་ཅི་ཁི་སི་ཐན་རྒྱལ་ཁབ་ལ་རྒྱལ་དོན་འཚམས་འདྲི་མཛད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-09-12 11:09

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་ཚེས་བཅུ་གཅིག་ཉིན་གྱི་སྔ་དྲོར་པེ་ཅིན་ནས་ཆེད་བཏང་གནམ་གྲུར་བཞུགས་ཏེ་ཐ་ཅི་ཁི་སི་ཐན་སྤྱི་མཐུན་རྒྱལ་ཁབ་ལ་རྒྱལ་དོན་འཚམས་འདྲིར་ཕེབས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་ཚེས་བཅུ་གཅིག་ཉིན་གྱི་སྔ་དྲོར་པེ་ཅིན་ནས་ཆེད་བཏང་གནམ་གྲུར་བཞུགས་ཏེ་ཐ་ཅི་ཁི་སི་ཐན་སྤྱི་མཐུན་རྒྱལ་ཁབ་ལ་རྒྱལ་དོན་འཚམས་འདྲིར་ཕེབས།

ཉིན་དེའི་དུས་ཚོད་བཅུ་གཉིས་དང་སྐར་མ་སུམ་ཅུའི་སྟེང་ཞི་ཅིན་ཕེན་བཞུགས་པའི་གནམ་གྲུ་ཏུའུ་ཧྲང་པེ་རྒྱལ་སྤྱིའི་གནམ་གྲུ་ཐང་དུ་ཐོན་པ་དང་། ཞི་ཅིན་ཕེན་དང་ཁོང་གི་ལྕམ་མོ་ཕིན་ལིས་ཡོན་རྣམ་གཉིས་ལ་ཐ་ཅི་ཁི་སི་ཐན་རྒྱལ་ཁབ་ཀྱི་ཙུང་ལི་ལཱ་སུའུ་ཨར་ཙོ་ཏ་སོགས་ཀྱིས་བསུ་བ་བྱས་པ་དང་ལུས་ལ་མི་རིགས་ཀྱི་ལྭ་བ་གྱོན་པའི་ས་གནས་ཀྱི་ན་གཞོན་རྣམས་ཀྱིས་ཞི་ཅིན་ཕེན་དང་ཁོང་གི་ལྕམ་མོ་རྣམ་གཉིས་ལ་མེ་ཏོག་ཕུལ།

ཞི་ཅིན་ཕེན་གྱིས་གསུངས་རྒྱུར། བདག་གིས་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་མཐོ་རིམ་གྲོས་ཚོགས་སྟེང་ཕྱོགས་སོ་སོ་དང་མཉམ་དུ་རྩ་འཛུགས་དེའི་གནད་དོན་གལ་ཆེན་དང་ཐུན་མོང་གིས་སེམས་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་གནས་ཀྱི་གནད་དོན་ཐད་ནས་བསམ་འཆར་བརྗེ་རེས་བྱེད་པ་དང་། རྩ་འཛུགས་ཀྱི་མ་འོངས་པའི་འཕེལ་རྒྱས་ལ་འཆར་འགོད་བྱས་ནས་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་རེ་སྒུག་བྱས་ཡོད་ལ། ཐེངས་འདིའི་མཐོ་རིམ་གྲོས་ཚོགས་ཀྱིས་རྒྱལ་ཁབ་སོ་སོས་མཉམ་དུ་འཇིགས་སྐུལ་འགྲན་རྩོད་ལ་ཁ་གཏད་འཇལ་བ་དང་མཉམ་དུ་དར་རྒྱས་གོང་འཕེལ་དུ་འགྲོ་བར་ནུས་པ་སྔར་ལས་ཆེན་པོ་འདོན་ཐུབ་པར་བདག་ལ་ཡིད་ཆེས་ཡོད་ཟེར།

ལཱ་སུའུ་ཨར་ཙོ་ཏ་ཡིས་བཤད་རྒྱུར། ཐ་ཅི་ཁི་སི་ཐན་མི་དམངས་ཀྱིས་སྤྲོ་སེམས་འཁོལ་བའི་ངང་ཀྲུའུ་ཞི་ཞི་ཅིན་ཕེན་ཕེབས་པར་དགའ་བསུ་ཞུ་བ་དང་། ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཐ་ཅི་ཁི་སི་ཐན་ལ་ཐོག་དང་པོར་རྒྱལ་དོན་འཚམས་འདྲི་མཛད་དེ་གྲུབ་འབྲས་ཆེན་པོ་ལེན་ཐུབ་པར་བདག་ལ་ཡིད་ཆེས་ཡོད་ཟེར།   ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག