མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི2014ལོའི་ཁྲིད་སྟོན་པ་གསར་བའི་ལོ་ཚོགས་ཀྱི་མགོ་རྩོམ་པའི་མཛད་སྒོར་ཞུགས་པར་མ་ཟད་དམིགས་བསལ་ཞུ་ཚིག་ཕུལ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-09-11 11:17

ཟླ་དགུ་བའི་ཚེས་བཅུ་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་ཐེན་ཅིན་མཱེ་ཅང་འགྲེམ་སྟོན་ལྟེ་གནས་སུ་སྐབས་བརྒྱད་པའི་དབྱར་ཁའི་ཏ་ཝའོ་སི་གླེང་སྟེགས་མགོ་རྩོམ་པའི་མཛད་སྒོར་ཞུགས་པར་མ་ཟད་དམིགས་བསལ་ཞུ་ཚིག་ཕུལ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་ཟླ་དགུ་བའི་ཚེས་བཅུ་ཉིན་གྱི་ཕྱི་དྲོར་ཐེན་ཅིན་མཱེ་ཅང་འགྲེམ་སྟོན་ལྟེ་གནས་སུ་སྐབས་བརྒྱད་པའི་དབྱར་ཁའི་ཏ་ཝའོ་སི་གླེང་སྟེགས་མགོ་རྩོམ་པའི་མཛད་སྒོར་ཞུགས་པར་མ་ཟད་དམིགས་བསལ་ཞུ་ཚིག་ཕུལ།

ལིས་ཁི་ཆང་གིས་གསུངས་རྒྱུར། གསར་སྐྲུན་ནི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནད་འགག་གཙོ་བོ་ཡིན་པས། འཛམ་གླིང་གི་དཔལ་འབྱོར་བརྟན་འཇགས་སྒོས་འཕེལ་རྒྱས་སུ་གཏོང་དགོས་ན་གསར་སྐྲུན་བྱེད་པར་ཡང་བརྟེན་དགོས། ཉེ་བའི་ལོ་འགའི་རིང་ལ་ཀྲུང་གོའི་དཔལ་འབྱོར་རྒྱུན་མཐུད་དང་བདེ་བླག་སྒོས་འཕེལ་རྒྱས་སུ་སོང་བའི་སྟོབས་ཤུགས་གཙོ་བོ་ནི་བཅོས་བསྒྱུར་དང་གསར་སྐྲུན་བྱས་པ་དེ་ཡིན་ཟེར།

ལིས་ཁི་ཆང་གིས་ནན་གྱིས་གསུངས་རྒྱུར། དཔལ་འབྱོར་འཕེལ་རྒྱས་ཀྱི་རྣམ་པ་མྱུར་དུ་བསྒྱུར་ཏེ། སྒྲིག་གཞི་རང་བཞིན་གྱི་བཅོས་བསྒྱུར་ལ་བརྟེན་ནས་སྒྲིག་གཞི་ལེགས་སྒྲིག་བྱེད་པ་དང་། སྤོབས་པ་ཆེན་པོས་གསར་སྐྲུན་བྱས་ཏེ། ཀྲུང་གོའི་དཔལ་འབྱོར་མགྱོགས་མྱུར་སྒོས་འཕེལ་རྒྱས་སུ་གཏོང་བ་དང་། ཀྲུང་གོའི་དཔལ་འབྱོར་གྱི་རིམ་འཕར་པར་གཞི་ཧུར་ཐག་སྒོས་འཛུགས་སྐྲུན་བྱེད་དགོས་ཟེར།

ལིས་ཁི་ཆང་གིས་མཇུག་མཐར་གསུངས་རྒྱུར། ཀྲུང་གོས་བློ་བརྟན་འགྱུར་མེད་སྒོས་ཞི་བའི་འཕེལ་རྒྱས་ཀྱི་བགྲོད་ལམ་རྒྱུན་འཁྱོངས་བྱས་ཏེ། རྒྱལ་སྤྱིའི་ཁོངས་གཏོགས་ཀྱི་འཛུགས་སྐྲུན་བྱེད་མཁན་དང་བྱས་རྗེས་འཇོག་མཁན་ཞིག་ཏུ་བསྒྱུར་བར་མ་ཟད། ཁྱིམ་མཚེས་མཛའ་མཐུན་ཡོང་བའི་ཁྱོན་ཡོངས་ལ་ཧུར་ཐག་སྒོས་སྲུང་སྐྱོབ་བྱེད་ཀྱིན་ཡོད། ང་ཚོས་རྣམ་པ་མི་གཅིག་པའི་སྲུང་སྐྱོབ་རིང་ལུགས་ལ་ངོ་རྒོལ་བྱེད་པ་དང་། སྒོ་འབྱེད་དང་དྲང་བདེན་གྱི་འཛམ་གླིང་གི་གཅིག་གྱུར་ཚོང་ར་ཆེན་པོ་འཛུགས་སྐྲུན་བྱེད་ཀྱིན་ཡོད་ཟེར། ཀྲུང་གོས་ནམ་ཡང་སྒོ་འབྱེད་ཀྱི་རྒྱལ་ཁབ་ཆེན་པོ་དང་སློབ་སྦྱོང་གི་རྒྱལ་ཁབ་ཆེན་པོ། བཟོད་སྒོམ་གྱི་རྒྱལ་ཁབ་ཆེན་པོ་ཞིག་བྱས་ཏེ། གསར་སྐྲུན་གྱི་རྒྱལ་ཁབ་ཆེན་པོ་ཞིག་འཛུགས་སྐྲུན་བྱེད་པར་འབད་བརྩོན་བྱེད་བཞིན་ཡོད་ཟེར།

ཞུ་ཚིག་ཕུལ་རྗེས་ལིས་ཁི་ཆང་གིས་ཀྲུང་གོའི་གསར་སྐྲུན་ནུས་པ་འཛུགས་སྐྲུན་དང་། དངུལ་ལོར་བཅོས་བསྒྱུར། ཧྲང་ཧེ་རང་དབང་ཉོ་ཚོང་ས་ཁུལ་སོགས་ཀྱི་གནས་ཚུལ་མཚམས་སྦྱོར་མཛད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག