མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་གིས་ཐེན་ཅིན་ནས་ཀྲུང་གོར་བསྡུ་བཞིན་པའི་ཉིས་སྟོང་བཅུ་བཞི་ལོའི་དབྱར་ཁའི་ཏ་ཨོ་སི་གླེང་སྟེགས་ལོ་ཚོགས་ལ་ཞུགས་པར་ཡོང་བའི་མཱ་ལི་རྒྱལ་ཁབ་ཀྱི་ཙུང་ཐུང་ཁེ་ཐ་ལ་མཇལ་འཕྲད་གནང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-09-11 11:17

ཚེས་བཅུ་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཐེན་ཅིན་ནས་ཀྲུང་གོར་བསྡུ་བཞིན་པའི་ཉིས་སྟོང་བཅུ་བཞི་ལོའི་དབྱར་ཁའི་ཏ་ཨོ་སི་གླེང་སྟེགས་ལོ་ཚོགས་ལ་ཞུགས་པར་ཡོང་བའི་མཱ་ལི་རྒྱལ་ཁབ་ཀྱི་ཙུང་ཐུང་ཁེ་ཐ་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་བཅུ་ཉིན་ཐེན་ཅིན་ནས་ཀྲུང་གོར་བསྡུ་བཞིན་པའི་ཉིས་སྟོང་བཅུ་བཞི་ལོའི་དབྱར་ཁའི་ཏ་ཨོ་སི་གླེང་སྟེགས་ལོ་ཚོགས་ལ་ཞུགས་པར་ཡོང་བའི་མཱ་ལི་རྒྱལ་ཁབ་ཀྱི་ཙུང་ཐུང་ཁེ་ཐ་ལ་མཇལ་འཕྲད་གནང་།

ལིས་ཁི་ཆང་གིས་ཐོག་མར་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཙུང་ཐུང་ཁེ་ཐ་ལ་སྙིང་ཉེ་བའི་འཚམས་འདྲི་ཞུས་པ་བརྒྱུད་སྒྲོག་བྱས། ལིས་ཁི་ཆང་གིས་གསུངས་རྒྱུར། ཀྲུང་གོ་དང་མཱ་ལི་རྒྱལ་ཁབ་གཉིས་བར་གྱི་མཛའ་མཐུན་འབྲེལ་བ་བརྟན་ཞིང་ལོ་རྒྱུས་རྒྱུན་རིང་། ཀྲུང་གོ་ཕྱོགས་ཀྱིས་མཱ་ལི་ཕྱོགས་དང་མཉམ་དུ་མཐོ་རིམ་མགོ་ཁྲིད་བར་གྱི་འགྲོ་འོང་དང་མི་གཞུང་བརྗེ་རེས་ཇེ་དམ་དུ་གཏོང་བ་དང་། ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་རྒྱ་བསྐྱེད་དེ་བློ་གཅིག་སེམས་གཅིག་གིས་མཱ་ལི་རྒྱལ་ཁབ་ཀྱིས་རང་བདག་གསར་སྤེལ་ནུས་པ་མཐོར་འདེགས་སུ་གཏོང་བར་རོགས་རམ་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་རྣམ་པ་གསར་བ་མཉམ་དུ་གསར་སྐྲུན་བྱེད་འདོད་ཡོད་ཟེར།

ལིས་ཁི་ཆང་གིས་བསྟན་དོན། ཀྲུང་གོ་དང་ཧྥེ་གླིང་གཉིས་ནི་སྐྱིད་སྡུག་མཉམ་མྱོང་གི་གྲོགས་པོ་དང་ཁྱིམ་མཚེས་བཟང་བོ་ཡིན། ཉེ་སྔོན་ཧྥེ་གླིང་ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཁ་ཤས་ལ་ཨེ་པོ་ལ་རིམས་ནད་བྱུང་བ་དང་ཀྲུང་གོ་ཕྱོགས་ཀྱིས་གནས་དེའི་མི་དམངས་ཀྱི་བདེ་ཐང་ལ་སེམས་ཁུར་ཆེན་པོ་བྱེད་བཞིན་ཡོད་པ་དང་། ཆེས་ཐོག་མའི་དུས་ཡུན་ནང་དུ་རིམས་ནད་སྔོན་འགོག་དངོས་རྫས་འདོན་སྤྲོད་བྱས་པར་མ་ཟད། སྨན་བཅོས་ཕྱོགས་ཀྱི་ཆེད་ལས་མཁས་པ་མངགས་ནས་གནོད་ཐེབས་ས་ཁུལ་གྱི་བྱ་བར་རོགས་སྐྱོར་བྱེད་དུ་བཅུག ང་ཚོས་ནུབ་ཕྱོགས་ཧྥེ་གླིང་རྒྱལ་ཁབ་དང་མཉམ་དུ་དཀའ་སྤྱད་འབད་བརྩོན་བྱས་ཏེ། མཉམ་དུ་ཨེ་པོ་ལ་རིམས་ནད་ཀྱི་སྔོན་འགོག་ལ་ཁ་གཏད་འཇལ་ནས་མིའི་རིགས་ཀྱི་བདེ་ཐང་ལས་དོན་ཐད་ལ་བྱས་རྗེས་འཇོག་འདོད་ཡོད་ཟེར།

ཁེ་ཐ་ཡིས་ཙུང་ལི་ལིས་ཁི་ཆང་བརྒྱུད་ནས་ཀྲུའུ་ཞི་ཞི་ཅིན་ཕེན་ལ་སྙིང་ཉེ་བའི་འཚམས་འདྲི་བྱས་རྗེས་བསྟན་དོན། མཱ་ལི་ཕྱོགས་ཀྱིས་ཀྲུང་གོ་རྒྱལ་ཁབ་ཀྱིས་ཧྥེ་གླིང་རྒྱལ་ཁབ་ཀྱིས་ཞི་བདེ་གཏན་འཇགས་ཀྱི་འཕེལ་རྒྱས་མངོན་འགྱུར་བྱེད་པ་དང་ཨེ་པོ་ལ་རིམས་ནད་སྔོན་འགོག་བྱེད་པའི་ཐད་ལ་རིན་ཐང་བྲལ་བའི་རྒྱབ་སྐྱོར་བྱས་པར་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་བཞིན་ཡོད་པར་མ་ཟད། ཀྲུང་གོ་ཕྱོགས་དང་མཉམ་དུ་ཧྥེ་གླིང་རྒྱལ་ཁབ་དང་ཀྲུང་གོའི་བར་གྱི་འབྲེལ་བའི་ཐད་ནས་གྲུབ་འབྲས་གསར་བ་ལེན་པར་འབད་བརྩོན་བྱེད་འདོད་ཡོད་ཟེར།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག