མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་བསྡུས་ཏེ་ཡུན་ནན་ལུའུ་ཏེན་ས་འགུལ་གནོད་སེལ་རྒུད་སྐྱོབ་དང་བསྐྱར་འཛུགས་བྱ་བར་བཀོད་སྒྲིག་བྱས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-21 11:31

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བརྒྱད་པའི་ཚེས་ཉི་ཤུ་ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་བསྡུས་ཏེ། རྒྱལ་སྲིད་སྤྱི་ཁྱབ་ཁང་ས་འགུལ་གནོད་སེལ་རྒུད་སྐྱོབ་བཀོད་འདོམས་པུའུ་ཡིས་ཡུན་ནན་ལུའུ་ཏེན་ལ་ས་འགུལ་བརྒྱུགས་ནས་གནོད་སེལ་རྒུད་སྐྱོབ་བྱས་པའི་གནས་ཚུལ་ཡར་ཞུ་བྱས་པར་ཉན་པ་དང་། གོ་རིམ་རྗེས་མའི་གནོད་སེལ་རྒུད་སྐྱོབ་དང་གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་གྲོས་ཚོགས་ལ་མགོ་འཛིན་མཛད་པར་མ་ཟད་གསུངས་བཤད་གལ་ཆེན་གནང་།

ཚོགས་ཐོག་ནས་བསྟན་དོན། དེང་སྐབས་ས་འགུལ་གནོད་སེལ་རྒུད་སྐྱོབ་བྱ་བ་དེ་འཕྲལ་སྒྲུབ་རྒུད་སྐྱོབ་ནས་གནོད་འཚེ་ཐེབས་པའི་མང་ཚོགས་འོས་འཚམ་སྒོས་བཀོད་སྒྲིག་བྱེད་པའི་ཕྱོགས་དང་གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་དུས་སྐབས་སུ་སླེབ་ཡོད། གནོད་འཚེ་ཐེབས་པའི་ས་ཁུལ་གྱི་དོན་དངོས་ལ་རྐང་བཙུགས་ཏེ། ཝུན་ཁྲོན་དང་ཡུས་ཧྲུའུ་སོགས་ཀྱི་ས་འགུལ་གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་ཐད་ནས་བླངས་པའི་ཉམས་མྱོང་དཔྱད་གཞིར་བཟུང་སྟེ་ཚན་རིག་དང་མཐུན་པའི་སྒོ་ནས་གནོད་འཚེའི་རྗེས་ཀྱི་བར་བརྒལ་རང་བཞིན་གྱི་བཀོད་སྒྲིག་དང་བསྐྱར་འཛུགས་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་དགོས། དེང་སྐབས་གཙོ་བོ་བྱ་བ་འགའ་དམ་འཛིན་བྱེད་དགོས། གཅིག ས་འགུལ་གྱི་གནོད་འཚེ་ཐེབས་པའི་མང་ཚོགས་བཀོད་སྒྲིག་བྱེད་པའི་བྱ་བ་བཟང་བོར་སྒྲུབ་དགོས། གཉིས། གནོད་འཚེ་ཐེབས་པའི་ས་ཁུལ་གྱི་འཕྲོད་བསྟེན་རིམས་འགོག་བྱ་བ་བཟང་བོར་སྒྲུབ་དགོས། གསུམ། ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་སླར་གསོ་བྱེད་པའི་བྱ་བ་བཟང་བོར་སྒྲུབ་དགོས། བཞི། གནོད་འཚེ་ཡང་བསྐྱར་འབྱུང་བའི་འགོག་སྲུང་བྱ་བ་བཟང་བོར་སྒྲུབ་དགོས། ལྔ། འགྲིམ་འགྲུལ་དང་འཕྲིན་གཏོང་། གློག་འདོན། ཆུ་འདོན་སོགས་ཀྱི་བྱ་བ་བཟང་བོར་སྒྲུབ་དགོས་ཟེར།

ཚོགས་ཐོག་ནས་བསྟན་དོན། ས་འགུལ་གནོད་ཐེབས་ས་ཁུལ་གྱི་སླར་གསོ་དང་བསྐྱར་འཛུགས་རོགས་སྐྱོར་སྲིད་ཇུས་ལ་མྱུར་དུ་ཞིབ་འཇུག་བྱེད་དགོས། ས་གནས་སྲིད་གཞུང་དང་མང་ཚོགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་ཚོང་ར་དང་སྤྱི་ཚོགས་སྟོབས་ཤུགས་སྐུལ་སློང་བྱས་ནས། ཧུར་ཐག་སྒོས་སླར་གསོ་དང་བསྐྱར་འཛུགས་མཉམ་ཤུགས་ཆགས་པར་བྱེད་དགོས་ཟེར།  ། 

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག