མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

སྤྱི་བདེ་པུའི་གཅིག་གྱུར་བཀོད་སྒྲིག་འོག་ལ་རྒྱལ་ཡོངས་ཁྱབ་ཁོངས་སུ་ཀུན་ནུས་ལྷ་ཞེས་པའི་ཆོས་ལོག་ལ་རྡུང་རྡེག་གཏོང་བའི་ཆེད་དོན་བྱ་སྤྱོད་སྤེལ་བ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-08-21 11:09

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་བདེ་པུས་གཅིག་གྱུར་བཀོད་སྒྲིག་འོག་ལ་རྒྱལ་ཡོངས་སྤྱི་བདེ་ལས་ཁུངས་ཀྱིས་སྤྱི་ཟླ་དྲུག་པ་ནས་རྒྱལ་ཡོངས་ཁྱབ་ཁོངས་ནང་ཀུན་ནུས་ལྷ་ཞེས་པའི་ཆོས་ལོག་ལ་རྡུང་རྡེག་གཏོང་བའི་ཆེད་དོན་བྱ་སྤྱོད་སྤེལ་བ་རེད། བྱ་སྤྱོད་སྤེལ་ནས་ཟླ་བ་གཉིས་ཙམ་སོང་རིང་རྒྱལ་ཡོངས་སུ་ཁྱོན་བསྡོམས་གྱོད་དོན500ལྷག་ཙམ་རྩད་ཆོད་བྱུང་བ་དང་དོགས་ཡོད་ཉེས་བསགས་མི་གྲངས་སྟོང་ལ་ཉེ་བ་འཛིན་བཟུང་བྱས་ཐོག ནུས་ལྡན་གྱི་སྒོ་ནས་ཀུན་ནུས་ལྷ་ཞེས་པའི་ཆོས་ལོག་གི་རྫིག་ཉམས་གནོན་ཡོད་པ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། ཧོ་པེ་དང་། ཨན་ཧུའེ། ཧོ་ནན། ནང་སོག ཅང་སུའུ། ཧྲན་ཏུང་སོགས་ས་ཆའི་སྤྱི་བདེ་ལས་ཁུངས་ཀྱིས་ཀུན་ནུས་ལྷན་ཞེས་པའི་ཆོས་ལོག་སྒྲིག་འཛུགས་ཁག་ཅིག་རྩད་གཅོད་འཛིན་བཟུང་བྱས་ཡོད། མགོ་སྐོར་བཏང་ནས་ཀུན་ནུས་ལྷ་ཞེས་པའི་ཆོས་ལོག་སྒྲིག་འཛུགས་ནང་ཞུགས་པའི་མང་ཚོགས་ལ་ས་གནས་ཁག་གི་ཏང་ཨུད་དང་སྲིད་གཞུང་གིས་བཟོད་བསྲན་དང་ཞིབ་ཚགས་ཀྱི་སྒོ་ནས་སློབ་གསོ་བརྒྱབ་ཡོད་པ་རེད། ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་། སྤྱི་དམངས་མཚམས་སྦྱོར། སྤྱི་ཚོགས་ལས་རིགས་ཁག་བཅས་ཀྱིས་ཀྱང་རང་འགུལ་སྒོ་ནས་ཀུན་ནུས་ལྷ་ཞེས་པའི་ཆོས་ཆོག་གི་ངོ་བོ་དང་སྤྱི་ཚོགས་ཀྱི་ཉེན་ཁ་ཐེར་འདོན་བྱས་ཡོད་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག