མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་ཁབ་ཡིག་ཚགས་ཅུད་ཀྱིས་དྲ་ཚིགས་ཐོག་རླབས་ཆེན་གྱི་རྒྱལ་ཁ་ཞེས་པའི་ལེའུ་ལྔ་པ་སྟེ་ལྗར་པན་གྱིས་ཆ་རྐྱེན་གང་ཡང་མེད་པར་མགོ་བཏགས་ཞུ་རྒྱུའི་ཁྱབ་བསྒྲགས་བྱས་པ་ཞེས་པ་སྤེལ་བ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-08-21 11:09

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཡིག་ཚགས་ཅུད་ཀྱིས་སྤྱི་ཚེས19ཉིན་དེའི་གཞུང་ཕྱོགས་དྲ་ཚིགས་ཐོག་ཏུ་རླབས་ཆེན་གྱི་རྒྱལ་ཁ་ཞེས་པའི་ལེའུ་ལྔ་པ་སྟེ་ལྗར་པན་གྱིས་ཆ་རྐྱེན་གང་ཡང་མེད་པར་མགོ་བཏགས་ཞུ་རྒྱུའི་ཁྱབ་བསྒྲགས་བྱས་པ་ཞེས་པ་སྤེལ་ཡོད་པ་རེད།

ལེའུ་ལྔ་པའི་གསལ་བཤད་ནང་ཀྲུང་གོའི་དམག་དམངས་ཀྱི་དྲག་ཤུགས་ཆེ་བའི་འགོག་རྒོལ་དང་སུའུ་ལན་དང་ཨ་རིའི་རྡུང་རྡེག་ཆེན་པོའི་འོག ལྗར་པན་དེ་མ་ཉིད་དུ་སྲན་ཕུང་ཐོར་བ་ལྟ་བུར་གྱུར་ཡོད། སྤྱི་ལོ1945ལོའི་ཟླ་བ་བརྒྱད་པའི་ཚེས9ཉིན་ལྗར་པན་སྲིད་གཞུང་གིས་ཆེས་མཐའ་མར་ཕོ་ཙེ་ཐན་སྤྱི་བསྒྲགས་ཁས་ལེན་བྱེད་རྒྱུའི་གཏན་འབེབས་བྱས་པ་རེད། སྤྱི་ཟླ8པའི་ཚེས10ཉིན་ལྗར་པན་ཕྱི་འབྲེལ་ཁང་གིས་བར་སྡོད་རྒྱལ་ཁབ་སུའེ་ཙེར་དང་སུའུ་ཏན་གྱི་སྲིད་གཞུང་བརྒྱུད་དེ་ལྗར་པན་གྱིས་ཕོ་ཙེ་ཐན་སྤྱི་བསྒྲགས་དང་ལེན་བྱས་ཏེ་ཀྲུང་གོ་དང་། ཨ་རི། དབྱིན་ཇི། སུའུ་ལན་བཅས་རྒྱལ་ཁབ་བཞིའི་སྲིད་གཞུང་ལ་ཡིག་ལན་བསྐུར་རྒྱུ་ཡིན་ཞེས་བཤད་ཡོད། སྤྱི་ཟླ8པའི་ཚེས14ཉིན་ལྗར་པན་སྲིད་གཞུང་གིས་ཀྲུང་གོ་དང་ཨ་རི། དབྱིན་ཇི། སུའུ་ལན་བཅས་རྒྱལ་ཁབ་བཞིའི་སྲིད་གཞུང་ལ་སྤྲིངས་ཡིག་བཏང་བ་དང་ཕོ་ཙེ་ཐན་སྤྱི་བསྒྲགས་ཁས་ལེན་བྱེད་རྒྱུ་ཡིན་ཞེས་བཤད་ཡོད་པ་རེད། སྤྱི་ཟླ8པའི་ཚེས15ཉིན་ལྗར་པན་གོང་མས་རྒྱང་བསྒྲགས་ཀྱི་མཐའ་མའི་ཁས་ལེན་བྱེད་པའི་རྣམ་པའི་ཐོག་ནས་སྤྱི་དམངས་ལ་ཆ་རྐྱེན་གང་ཡང་མེད་པར་མགོ་བཏགས་ཞུ་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད། ལྗར་པན་གྱི་མགོ་བཏགས་ཞུ་རྒྱུའི་ཁྱབ་བསྒྲགས་བྱས་པ་དེས་མེ་རྩེད་རྩེད་ན་རང་ཉིད་བསྲེགས་འགྲོ་བ་དང་བཙན་འཛུལ་བྱེད་མཁན་མཐའ་མར་རྨེག་མེད་དུ་འགྲོ་ངེས་པ། ངན་རྩ་བྱས་ན་དྲང་བདེན་གྱིས་ཕམ་ཉེས་སུ་གཏོང་བ་བཅས་མཚོན་གྱི་ཡོད་ཅེས་འཁོད་ཡོད་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག