མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་གིས་ཝུའུ་ཙི་པའེ་ཁི་སི་ཐན་གྱི་ཙུང་ཐུང་ཁཱ་ལིས་མའོ་ཧྥུའུ་ལ་མཇལ་འཕྲད་གནང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-21 11:08

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་ཉི་ཤུ་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ་ཝུའུ་ཙི་པའེ་ཁི་སི་ཐན་གྱི་ཙུང་ཐུང་ཁཱ་ལིས་མའོ་ཧྥུའུ་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་ཉི་ཤུ་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ་ཝུའུ་ཙི་པའེ་ཁི་སི་ཐན་གྱི་ཙུང་ཐུང་ཁཱ་ལིས་མའོ་ཧྥུའུ་ལ་མཇལ་འཕྲད་གནང་།

ལིས་ཁི་ཆང་གིས་བསྟན་དོན། ཀྲུང་གོ་དང་ཝུའུ་ཙི་པའེ་ཁི་སི་ཐན་བར་གྱི་འབྲེལ་བ་དེ་འཕེལ་རྒྱས་ཀྱི་ལམ་དུ་ཞུགས་ཡོད། ཚེས་བཅུ་དགུ་ཉིན་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཁྱེད་དང་མཉམ་དུ་གྲོས་མོལ་མཛད་དེ་གྲུབ་འབྲས་ཆེན་པོ་བླངས། རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་མཉམ་ལས་ཀྱི་སྣེ་ཁྲིད་མཁན་དང་ཡར་སྐུལ་མཁན་བཟང་བོ་ཞིག་བྱས་ཏེ། ཀྲུང་གོ་དང་ཝུའུ་ཙི་པེ་ཁི་སི་ཐན་བར་གྱི་འབྲེལ་བ་དང་མཉམ་ལས་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་བཏང་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་དགོས་ཟེར།

ལིས་ཁི་ཆང་གིས་བསྟན་དོན། དེང་སྐབས་འཛམ་གླིང་གི་དཔལ་འབྱོར་སླར་གསོ་འབྱུང་བའི་གནས་ཚུལ་དེ་འདྲ་བཟང་རྒྱུ་མེད་པས། རྒྱལ་ཁབ་སོ་སོས་དཔལ་འབྱོར་འཕེལ་རྒྱས་དང་། དམངས་ཀྱི་འཚོ་བ་ཇེ་བཟང་དུ་གཏོང་བའི་བྱ་བ་མངོན་འགྱུར་བྱེད་དགོས་ན། ཞི་བདེ་བརྟན་འཇགས་ཀྱི་རྒྱལ་སྤྱི་དང་ས་ཁུལ་གྱི་ཁོར་ཡུག་ཅིག་དགོས། ཀྲུང་གོ་ཕྱོགས་ཀྱིས་ཝུའུ་ཙི་པའེ་ཁི་སི་ཐན་སོགས་རྒྱལ་ཁབ་སོ་སོ་དང་མཉམ་དུ་དར་གོས་ཚོང་ལམ་གྱི་དཔལ་འབྱོར་རྒྱུད་འཛུགས་སྐྲུན་བྱེད་པར་ཡར་སྐུལ་བྱེད་པ་དང་། འགྲིམ་འགྲུལ་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་བྱ་བར་ཤུགས་བསྣན་ནས། ནུས་ཁུངས་དང་བཟོ་ལས། དངུལ་ལོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་བྱ་བ་གཏིང་ཟབ་ཏུ་སྤེལ་བ་དང་། ཕྱོགས་གཉིས་ཀར་འབྲེལ་བ་ཡོད་པའི་དམངས་ཀྱི་འདོད་བློའི་རྨང་གཞི་ཇེ་བརྟན་དུ་གཏོང་བ། རྒྱལ་སྤྱི་དང་ས་ཁུལ་ལས་དོན་ཁྲོད་ནས་འབྲེལ་འདྲིས་དམ་པོ་བྱེད་པ། མཉམ་དུ་འགྲན་རྩོད་ལ་ཁ་གཏད་འཇལ་ནས། བདེ་འཇགས་དང་དར་རྒྱས་བྱ་བར་ཡར་སྐུལ་བྱེད་འདོད་ཡོད་ཟེར།

ཁཱ་ལིས་མའོ་ཧྥུའུ་ཡིས་བསྟན་དོན། ཝུའུ་ཙི་པའེ་ཁི་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་བཀོད་པའི་ཐུན་མོང་གི་ལྟ་བ་དངོས་འབེབས་བཟང་བོ་བྱས་ནས། འགྲིམ་འགྲུལ་རྨང་གཞི་སྒྲིག་ཆས་དང་ནུས་ཁུངས། མི་གཞུང་སོགས་མཉམ་ལས་ལ་ཕྱོགས་ཡོངས་ནས་ཡར་སྐུལ་བྱེད་པ་དང་། དར་གོས་ཚོང་ལམ་གྱི་དཔལ་འབྱོར་རྒྱུད་འཛུགས་སྐྲུན་བྱེད་པར་ཞུགས་ནས། ས་ཁུལ་ཞི་བདེ་དང་བརྟན་འཇགས་ངང་འཕེལ་རྒྱས་སུ་འགྲོ་བར་ཡར་སྐུལ་བྱེད་འདོད་ཡོད་ཟེར།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག