མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་གུང་ཀྲུང་དབྱང་གིས་བཞུགས་མོལ་ཚོགས་འདུ་བསྡུས་ཏེ་བློ་མཐུན་ཏིན་ཞའོ་ཕེན་སྐུ་འཁྲུངས་ནས་ལོ་འཁོར་བརྒྱ་དང་བཅུ་ལོན་པར་དྲན་གསོ་ཞུས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-21 11:08

ཟླ་བརྒྱད་པའི་ཚེས་ཉི་ཤུ་ཉིན། ཀྲུང་གུང་ཀྲུང་དབྱང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། བློ་མཐུན་ཏིན་ཞའོ་ཕེན་སྐུ་འཁྲུངས་ནས་ལོ་འཁོར་བརྒྱ་དང་བཅུ་ལོན་པར་དྲན་གསོ་ཞུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་གསུངས་བཤད་གལ་ཆེན་གནང་།
ཟླ་བརྒྱད་པའི་ཚེས་ཉི་ཤུ་ཉིན། ཀྲུང་གུང་ཀྲུང་དབྱང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། བློ་མཐུན་ཏིན་ཞའོ་ཕེན་སྐུ་འཁྲུངས་ནས་ལོ་འཁོར་བརྒྱ་དང་བཅུ་ལོན་པར་དྲན་གསོ་ཞུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་གསུངས་བཤད་གལ་ཆེན་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གིས་ཚེས་ཉི་ཤུ་ཉིན་གྱི་སྔ་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། བློ་མཐུན་ཏིན་ཞའོ་ཕེན་སྐུ་འཁྲུངས་ནས་ལོ་འཁོར་བརྒྱ་དང་བཅུ་ལོན་པར་དྲན་གསོ་ཞུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་གསུངས་བཤད་གལ་ཆེན་གནང་། ཁོང་གིས་བློ་མཐུན་ཏིན་ཞའོ་ཕེན་གྱིས་ང་ཚོར་བཟོས་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་འཆར་གཞི་ཆེན་པོ་དེ་རིམ་བཞིན་དོན་དངོས་སུ་འགྱུར་བཞིན་ཡོད་པ་དང་། ང་ཚོའི་རླབས་ཆེ་བའི་མེས་རྒྱལ་རིམ་བཞིན་དར་རྒྱས་གོང་འཕེལ་དུ་འགྲོ་བཞིན་ཡོད་ལ། ཀྲུང་ཧྭ་མི་རིགས་རིམ་བཞིན་རླབས་ཆེན་བསྐྱར་དར་གྱི་ཕྱོགས་སུ་སྐྱོད་བཞིན་ཡོད། དུས་རབས་ཉི་ཤུ་བར་རླབས་ཆེ་བའི་ལོ་རྒྱུས་རང་བཞིན་གྱི་རྒྱལ་ཁ་ཐོབ་པའི་ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་མི་དམངས་ཀྱིས་དུས་རབས་ཉེར་གཅིག་པའི་ནང་དུ་སྔར་ལས་ཀྱང་རླབས་ཆེ་བའི་ལོ་རྒྱུས་རང་བཞིན་གྱི་རྒྱལ་ཁ་ལེན་ཐུབ་པར་ང་ཚོར་ཡིད་ཆེས་ཡོད་ཅེས་ནན་གྱིས་གསུངས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལིས་ཁི་ཆང་དང་ཀྲང་ཏི་ཅང་། ཡུས་ཀྲིན་ཧྲིན། ཝང་ཆི་ཧྲན། ཀྲང་ཀའོ་ལིས་བཅས་བཞུགས་མོལ་ཚོགས་འདུར་ཞུགས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལིག་ཡུན་ཧྲན་གྱིས་བཞུགས་མོལ་ཚོགས་འདུར་མགོ་འཛིན་མཛད།

ཞི་ཅིན་ཕེན་གྱིས་གསུང་བཤད་གནང་སྐབས་བློ་མཐུན་ཏིན་ཞའོ་ཕེན་གྱིས་མི་ཚེ་གང་བོར་བཞག་པའི་བྱས་རྗེས་ཕྱིར་དྲན་བྱས་པ་དང་། བློ་མཐུན་ཏིན་ཞའོ་ཕེན་གྱིས་རང་རྒྱལ་གྱི་གསར་བརྗེ་དང་འཛུགས་སྐྲུན། བཅོས་སྒྱུར་བཅས་ཀྱི་ཐད་ལ་བཞག་པའི་བྱས་རྗེས་སྤྱི་བསྡོམས་བྱས། ཁོང་གིས་བློ་མཐུན་ཏིན་ཞའོ་ཕེན་གྱིས་ཀྲུང་ཧྭ་མི་རིགས་ཀྱི་རང་བཙན་དང་དར་རྒྱས། དར་སྤེལ། དེ་མིན་ཀྲུང་གོ་མི་དམངས་ཀྱི་བཅིངས་འགྲོལ་དང་རང་མོས། བདེ་སྐྱིད་བཅས་ཀྱི་ཐད་ལ་འབད་འཐབ་བྱས་པའི་འོད་སྟོང་འབར་བའི་མི་ཚེ་དང་རླབས་ཆེ་བའི་བྱས་རྗེས་དེ་མེས་རྒྱལ་གྱི་ས་གཞི་ཆེན་པོའི་སྟེང་ནམ་ཡང་ཡལ་བ་མེད་ལ། བློ་མཐུན་ཏིན་ཞའོ་ཕེན་ནམ་ཡང་མི་དམངས་ཀྱི་སེམས་ཁོང་དུ་གནས་ཡོད་ཅེས་ནན་གྱིས་བསྟན།

ཞི་ཅིན་ཕེན་གྱིས་གསུངས་རྒྱུར། བློ་མཐུན་ཏིན་ཞའོ་ཕེན་གྱིས་ང་ཚོ་ཏང་གི་གསར་བརྗེ་རྒན་རབས་པ་གཞན་དག་དང་འདྲ་བར་མེས་རྒྱལ་དང་མི་དམངས་ལ་བྱས་རྗེས་ཆེན་པོ་བཞག་ཅིང་འཛམ་གླིང་དང་ཀྲུང་གོའི་འཕེལ་རྒྱས་ཀྱི་གནས་བབ་གསལ་བོར་ཤེས་ཡོད་པ་དང་། ཀྲུང་གོ་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱིས་བཅངས་པའི་རེ་བར་རྒྱུས་ལོན་ཟབ་མོ་བྱས་ཤིང་། ཀྲུང་གོའི་འཕེལ་རྒྱས་ཀྱི་ལོ་རྒྱུས་ཆོས་ཉིད་གསལ་བོར་ཤེས་པར་བྱས་ནས། ཏང་དང་མི་དམངས་ལ་བརྟེན་ནས་ལོ་རྒྱུས་རང་བཞིན་གྱི་བྱས་རྗེས་སྔ་ན་མེད་པ་བཞག་ཡོད་ཟེར།

ཞི་ཅིན་ཕེན་གྱིས་གསུངས་རྒྱུར། བློ་མཐུན་ཏིན་ཞའོ་ཕེན་ང་ཚོ་དང་ཞལ་གྱེས་ནས་ལོ་བཅུ་བདུན་འགོར་བའི་རིང་ལ། རྒྱལ་སྤྱིའི་གནས་བབ་ལ་འགྱུར་ལྡོག་མང་བ་དང་རྒྱལ་ནང་གི་བཅོས་སྒྱུར་དང་འཕེལ་རྒྱས། ལས་འགན་བཅས་ཧ་ཅང་ལྗིད། བློ་མཐུན་ཅང་ཙེ་མེན་སྲོག་ཤིང་ཡིན་པའི་ཏང་གི་རབས་གསུམ་པའི་ཀྲུང་དབྱང་གི་མགོ་ཁྲིད་ཐུན་མོང་དང་བློ་མཐུན་ཧུའུ་ཅིན་ཐོ་སྤྱི་ཁྱབ་ཧྲུའུ་ཅི་ཡིན་པའི་ཏང་་ཀྲུང་དབྱང་གི་མགོ་ཁྲིད་འོག ང་ཚོ་ཏང་གིས་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་སྣེ་ཁྲིད་བྱས་ནས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སྣ་ཚོགས་ཐད་ནས་རླབས་ཆེ་བའི་གྲུབ་འབྲས་གསར་བ་བླངས། ད་ལྟ་ང་ཚོ་ལོ་རྒྱུས་ཀྱི་རྒྱུན་སྐྱོང་མཁན་ཞིག་ཏུ་གྱུར་ཡོད་པས་འགན་འཁྲི་ཧ་ཅང་ལྗིད། ཏང་ཡོངས་ཀྱིས་ངེས་པར་དུ་མཐུན་སྒྲིལ་དམ་པོ་བྱས་ཏེ། སྤོབས་པ་ཆེར་སྐྱེད་དང་དཀའ་སྤྱད་འབད་བརྩོན་བྱེད་པ་དང་། རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་སྣེ་ཁྲིད་བྱས་ཏེ་བབ་བསྟུན་མདུན་སྐྱོད་དང་གོ་སྐབས་དམ་འཛིན་གྱི་སྙིང་སྟོབས་ལ་བརྟེན་ནས་རྒྱལ་ཁ་གསར་བ་ལེན་དགོས་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མུ་མཐུད་དུ་འཐུས་ཚང་དུ་གཏོང་བ་དང་འཕེལ་རྒྱས་སུ་གཏོང་དགོས་པར་མ་ཟད། མིའི་རིགས་ཞི་བདེ་དང་འཕེལ་རྒྱས་ཀྱི་བླ་མེད་ལས་དོན་ཐད་ལ་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་ཟེར།

ལིག་ཡུན་ཧྲན་གྱིས་བཞུགས་མོལ་ཚོགས་འདུར་མགོ་འཛིན་མཛད་སྐབས་གསུངས་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་གསུང་བཤད་གནང་སྐབས་བློ་མཐུན་ཏིན་ཞའོ་ཕེན་དང་ཏིན་ཞའོ་ཕེན་གྱི་རིགས་གཞུང་གི་ལོ་རྒྱུས་གོ་གནས་དང་ལོ་རྒྱུས་བྱས་རྗེས་ལ་གདེང་འཇོག་མཐོན་པོ་གནང་ཞིང་། ཡིད་ཆེས་ཇེ་བརྟན་དང་མི་དམངས་ལ་དགའ་བ་དང་། དངོས་ཐོག་བདེན་འཚོལ། གསར་གཏོད་གསར་སྐྲུན་སོགས་ཕྱོགས་ནས་བློ་མཐུན་ཏིན་ཞའོ་ཕེན་གྱི་བླ་མེད་སྙིང་སྟོབས་རྒྱས་བཤད་བྱས་ཡོད་ལ། ཏང་ཡོངས་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་དུ་སྐྱོད་པའི་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་། ལོ་བརྒྱ་གཉིས་ཀྱི་འབད་འཐབ་དམིགས་འབེན་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་བརྒྱུད་རིམ་ཁྲོད་དུ་མདུན་སྐྱོད་བྱེད་དགོས་པའི་འབོད་སྐུལ་བཏང་ཡོད་ཟེར།  ། 

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག