མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཡུས་ཀྲིན་ཧྲིན་གྱིས་མགོ་འཛིན་མཛད་དེ་ཀྲུའུ་ཞིའི་གཞུང་སྒྲུབ་གྲོས་ཚོགས་བསྡུས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-20 11:16

ཡུས་ཀྲིན་ཧྲིན་གྱིས་ཚེས་བཅུ་དགུ་ཉིན་གྱི་ཕྱི་དྲོར་མགོ་འཛིན་མཛད་དེ་ཀྲུའུ་ཞིའི་གཞུང་སྒྲུབ་གྲོས་ཚོགས་བསྡུས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་ཚེས་བཅུ་དགུ་ཉིན་གྱི་ཕྱི་དྲོར་མགོ་འཛིན་མཛད་དེ་ཀྲུའུ་ཞིའི་གཞུང་སྒྲུབ་གྲོས་ཚོགས་བསྡུས་ནས། གྲོས་གཞི་གལ་ཆེན་སྒྲུབ་པའི་བྱ་བར་ཞིབ་འཇུག་བྱས། གྲོས་ཚོགས་ནས་ཚོང་རའི་ཐག་གཅོད་རང་བཞིན་གྱི་ནུས་པ་འདོན་སྤེལ་བྱེད་པ་དང་། གྲུ་གཟིངས་གསར་བཟོ་བྱེད་སྐབས་ཀྱི་ཐོན་ནུས་ལྷག་མ་མི་འབྱུང་བར་བྱས་ནས། མཚོ་ཐོག་གི་བཟོ་ལས་ཐོན་ལས་སྐྱོན་བྲལ་བའི་ངང་འཕེལ་རྒྱས་སུ་གཏོང་བའི་གྲོས་གཞི་གལ་ཆེན་སྒྲུབ་པའི་གནས་ཚུལ་སྐོར་གྱི་ཡར་ཞུར་ཉན།

གྲོས་འདོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་སུང་ཀན་ཧོས་ཀྱིས་གྲོས་གཞི་གཙོ་བོའི་ནང་དོན་དང་ལྟ་སྐུལ་གཞུང་སྒྲུབ་གནས་ཚུལ་ཡར་ཞུ་བྱས། རྒྱལ་ཡོངས་སྲིད་གྲོས་ཀྱིས་ད་ལོར་གྲོས་གཞི་གལ་ཆེན་ཞེ་དགུ་གཏན་ལ་ཕབ།

གྲོས་ཚོགས་ནས་བསྟན་དོན། རྒྱལ་ཡོངས་སྲིད་གྲོས་ཀྱིས་ཐོག་དང་བོར་ཀྲུའུ་ཞིའི་གཞུང་སྒྲུབ་གྲོས་ཚོགས་ཀྱི་རྣམ་པས་གྲོས་གཞི་གལ་ཆེན་སྒྲུབ་པའི་བྱ་བར་ཞིབ་འཇུག་བྱས་པ་དང་། གྲོས་གཞི་སྒྲུབ་པའི་གྲོས་མོལ་བྱ་བ་དེ་དམངས་གཙོ་གྲོས་མོལ་གྱི་རྣམ་པ་དང་ཐབས་ལམ་གལ་ཆེན་དུ་བརྩིས་ནས་སྤེལ་ཞིང་། གྲོས་གཞི་སྒྲུབ་པའི་བྱ་བ་ལམ་ལུགས་ཅན་དང་ཚད་ལྡན་ཅན། གོ་རིམ་ཅན་དུ་བསྒྱུར་ནས། འབྲེལ་ཡོད་སྡེ་ཁག་གིས་སྲིད་གྲོས་ཀྱི་གྲོས་གཞི་སྒྲུབ་པ་དང་དངོས་འབེབས་བྱ་བར་སྔར་ལས་མཐོང་ཆེན་ཚད་མཐོན་པོ་གནང་ཟེར། གྲོས་ཚོགས་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཐོན་ནུས་ལྷག་མ་བྱུང་བའི་གནས་ཚུལ་ཚབས་ཆེན་གྱི་འགལ་བ་ཐག་གཅོད་པའི་སྐོར་གྱི་རེ་བ་སྔར་ལས་དངོས་འབེབས་བྱེད་པ་དང་། དངུལ་ལོར་སོགས་ཀྱི་བྱེད་ཐབས་སྤྱད་དེ། ཁེ་ལས་བཟང་བོ་འཕེལ་རྒྱས་སུ་གཏོང་བར་རྒྱབ་སྐྱོར་བྱེད་དགོས་པ་དང་། ཐོན་ནུས་ལྷག་མ་མི་འབྱུང་བར་བྱེད་པ། ཁེ་ལས་ཀྱི་སྣེ་ཁྲིད་དེ་རྒྱ་མཚོའི་བཟོ་སྐྲུན་སྒྲིག་སྦྱོར་ཚན་རྩལ་ཞིབ་འཇུག་གསར་སྤེལ་བྱ་བ་སྤེལ་ཏེ། རང་བདག་གསར་སྐྲུན་གྱི་ནུས་པ་ཇེ་ཆེར་གཏོང་དགོས་པའི་རེ་བ་བཏོན།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག