མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

སྐོར་ཐེངས་གཉིས་པའི་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་གོ་རིམ་ཡོད་པའི་སྒོ་ནས་སྤེལ་བཞིན་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-20 11:12

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཀྲུང་དབྱང་སློབ་གསོ་ལག་ལེན་བྱ་འགུལ་གཞུང་སྒྲུབ་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཟླ་བརྒྱད་པའི་ཟླ་དཀྱིལ་བར་དུ། སྐོར་ཐེངས་གཉིས་པའི་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་དུ་ཞུགས་པའི་ས་གནས་དང་གྲོང་ཁྱེར་གྱི་མགོ་ཁྲིད་ཚན་ཁག་བཞི་བརྒྱ་ལྷག་དང་རྫོང་རིམ་པའི་མགོ་ཁྲིད་ཚན་ཁག་སྟོང་གཉིས་ལྷག་ཞུགས་པའི་ཆེད་དོན་དམངས་གཙོ་འཚོ་བའི་ཚོགས་འདུ་བསྡུས་ཚར། གྲོང་ཁྱེར་དང་རྫོང་སོ་སོའི་མགོ་ཁྲིད་ཚན་ཁག་གིས་སྲིད་སྐྱོང་ལྟ་བར་ནོར་འཆུག་བྱུང་བ་དང་། ཁེ་སྤོགས་འདོད་གདུང་། སྲིད་སྐྱོང་བཟོ་སྐྲུན་དང་སྣང་བརྙན་བཟོ་སྐྲུན་སྤེལ་བའི་གནད་དོན་དང་། དམངས་གཙོ་གཅིག་བསྡུས་ལམ་ལུགས་རྒྱུན་འཁྱོངས་བྱས་པ་མི་འདང་བ་དང་། ཇུས་ཆོད་གལ་ཆེན་དང་མང་ཚོགས་ཀྱི་བསམ་འཆར་ལ་ཉན་པ་མི་འདང་བའི་གནད་དོན། གཞི་རིམ་དང་ཁ་བྲལ་བ་དང་།མང་ཚོགས་དང་ཁ་བྲལ་བའི་གནད་དོན། བཀོད་སྒྲིག་ནན་མོ་བྱས་ནས་དངོས་འབེབས་བྱས་པ་མི་འདང་བ་དང་། བྱ་བར་འགན་ཁུར་བ་མི་འདང་བ་སོགས་ཀྱི་གནད་དོན་རྩད་བཅད་པ་དང་། གྲོང་ཁྱེར་དང་རྫོང་སོ་སོའི་མགོ་ཁྲིད་ལས་བྱེད་པས་གཞུང་སྒྲུབ་ཁང་བཀོལ་བ་དང་། གཞུང་དོན་དུ་རླངས་འཁོར་བཀོལ་བ། གཉེན་ཉེ་དང་བུ་བུ་མོ་བྱ་བར་ཞུགས་པ་སོགས་ཀྱི་གནས་ཚུལ་གསལ་བཤད་བྱས་པ་དང་། ཆེད་དོན་དམངས་གཙོ་འཚོ་བའི་ཚོགས་འདུ་ཡོངས་ཁྱབ་ཏུ་རྒྱུ་སྤུས་བཟང་ཞིང་ཁོར་ཡུག་ཅུང་བཟང་བོ་ཆགས་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག